རང་ལྗོངས་ཀྱིས་སྤྱི་ཚོགས་རྩ་འཛུགས་ཀྱི་ལས་དོན་མི་སྣའི་འཇོན་ཐང་ཆེ་རུ་གཏོང་བའི་གསོ་སྦྱོང་བྱས་པ།
ཉེ་ཆར། རང་སྐྱོང་ལྗོངས་དམངས་སྲིད་ཐིང་གི་མཛུབ་ཁྲིད་ཞིབ་ཚགས་འོག་ཉིང་ཁྲི་གྲོང་ཁྱེར་སྤུས་ཚད་མཐུན་ཚོགས་ཀྱིས་སྒྲུབ་གཉེར་བྱས་པའི་རང་སྐྱོང་ལྗོངས་སྤྱི་ཚོགས་རྩ་འཛུགས་ཀྱི་ལས་དོན་མི་སྣའི་འཇོན་ཐང་ཆེ་རུ་གཏོང་བའི་གསོ་སྦྱོང་བྱེད་སྒོ་ལྷ་སར་གཉེར་ཞིང་། དྲ་ཕྱི་ནས་སྤྱི་ཚོགས་རྩ་འཛུགས་ཀྱི་འགན་འཁུར་བ་དང་དོ་དམ་པ་200ལྷག་ཙམ་དང་དྲ་ཐོག་ནས་སློབ་མ་100ལྷག་ཙམ་ཞུགས་ཡོད་པ་རེད།
གསོ་སྦྱོང་གསར་གཏོད་ཐད“དྲ་ཕྱི་དང་དྲ་ཐོག”ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ་ལྗོངས་ཕྱི་ནང་གི་རིགས་གཅིག་མཁས་ཅན་དང་མཁས་དབང་གདན་དྲངས་ནས་སློབ་ཁྲིད་བྱས་ཤིང་། གཙོ་བོ་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་འཛུགས་སྐྱོང་དང་། རྣམ་གྲངས་དོ་དམ། ནོར་དོན་དོ་དམ་སོགས་ཕྱོགས་མང་པོར་དམིགས་པ་དང་གསོན་ཉམས་དོད་པའི་ནང་དོན་ལ་དབྱེ་ཞིབ་དང་ཟུང་འབྲེལ་གྱིས་འགྲེལ་བཤད་གཏིང་ཟབ་བྱས་ཏེ་གསོ་སྦྱོང་ནང་ཞུགས་མཁན་སློབ་མ་ཚོས་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་སྤྱི་ཚོགས་རྩ་འཛུགས་ཀྱི་སྲིད་ཇུས་དང་། ཁྲིམས་སྲོལ། ལས་སྒོའི་རྩལ་ནུས། ཆེད་ལས་ཤེས་བྱ་བཅས་ཁོང་དུ་ཆུད་པར་བྱས་ཏེ་ལས་དོན་པའི་ཆེད་ལས་ཅན་དང་ལས་རིགས་ཅན་གྱི་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་ནས་སྤྱི་ཚོགས་རྩ་འཛུགས་ལས་དོན་གྱི་ནུས་པ་ཆེ་རུ་བཏང་ཡོད།