ཞི་ཅིན་ཕིང་གིས་དམངས་སྲིད་ལས་དོན་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་སྐབས་ནན་བཤད་གནང་དོན།
ཀུན་ཕན་དང་རྨང་གཞི་ཐ་སྐྱོང་བཅས་རང་བཞིན་གྱི་དམངས་འཚོ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཧུར་བརྩོན་དང་རང་འགུལ་ངང་མི་དམངས་མང་ཚོགས་ལ་བྱ་བཟང་བྱ་དངོས་སྒྲུབ་པ་དང་དཀའ་གནད་སེལ་རོགས་བྱེད་དགོས།
ལི་ཆང་རྒྱལ་ཡོངས་དམངས་སྲིད་ཚོགས་འདུ་ཐེངས་བཅོ་ལྔ་པར་ཞུགས་ནས་གསུང་བཤད་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ10ཚེས26ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་དམངས་སྲིད་ལས་དོན་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་སྐབས། ཉེ་བའི་ལོ་ཤས་རིང་། དམངས་སྲིད་ཁོངས་གཏོགས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་རང་འགན་གཙང་སྒྲུབ་ཏན་ཏིག་བྱས་པས། ལས་དོན་ཁག་ལ་འཕེལ་རྒྱས་གསར་པ་བྱུང་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་ཞབས་འདེགས་ནུས་ལྡན་ཞུས་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་དམངས་འཚོ་གཙོ་གནད་དུ་བཞག་ཡོད། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་དམངས་སྲིད་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། ཐ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། མི་དམངས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མི་དམངས་མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མི་དམངས་མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པའི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཡག་པོ་བཅས་བྱས་ཏེ། དམངས་སྲིད་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་རྒྱུན་ཆད་མེད་པར་གཏོང་དགོས། རིམ་ཁག་དམངས་སྲིད་སྡེ་ཚན་གྱིས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྒྱུར་བཅོས་གསར་གཏོད་བྱེད་ཟབ་ཏུ་གཏོང་བ་དང་། སྲིད་ཇུས་ཀྱི་ལམ་ལུགས་མ་ལག་དང་། ཞབས་ཞུའི་འགན་ལེན་མ་ལག ལྟ་སྐུལ་གྱི་དོ་དམ་མ་ལག སྤྱི་ཚོགས་ཞུགས་པའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། རྒན་རྒོན་འབོར་ཆེན་དུ་གྱུར་བར་ཁ་གཏད་ཧུར་ཐག་གཅོག་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་ལ་སྐུལ་འདེད་ཧུར་ཐག་གཏོང་བ། སྤྱི་ཚོགས་རོགས་སྐྱོབ་དང་། སྤྱི་ཚོགས་ཕན་བདེ། སྤྱི་ཚོགས་ལས་དོན། སྤྱི་ཚོགས་བཅོས་སྐྱོང་བཅས་ཀྱི་ལས་དོན་གྱི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་བ། ཧུར་བརྩོན་རང་འགུལ་ངང་མི་དམངས་མང་ཚོགས་ལ་བྱ་བ་བཟང་པོ་དང་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་སེལ་བ་བཅས་ཧུར་ཐག་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས།
ཟླ་10ཚེས་25དང་26ཉིན། རྒྱལ་ཡོངས་དམངས་སྲིད་ཚོགས་འདུ་ཐེངས་བཅོ་ལྔ་པ་པེ་ཅིང་དུ་འཚོགས་ཤིང་། ཚོགས་འདུའི་ཐོག ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།
ལི་ཆང་གིས་གསུང་བཤད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ནང་ཉེ་བའི་ལོ་ཤས་རིང་དམངས་སྲིད་བྱ་གཞག་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་མངོན་གསལ་དོད་པོར་ཁས་ལེན་གང་ལེགས་གནང་ནས་འཐབ་ཇུས་དང་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་དམངས་སྲིད་ལས་དོན་ཡག་པོ་སྒྲུབ་པར་ཐུགས་རེ་ནན་པོ་དང་བླང་བྱ་ཁ་གསལ་བཏོན་གནང་སྟེ། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་དམངས་སྲིད་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ང་ཚོར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་བ་དང་སྒུལ་ཤུགས་ཆེན་པོ་བསྣན་ཡོད། ང་ཚོས་སློབ་སྦྱོང་བྱེད་པ་དང་གོ་བ་གཏིང་ཟབ་བླངས་ནས་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།
ལི་ཆང་གིས་གསུངས་དོན། དམངས་སྲིད་བྱ་གཞག་ལས་མི་གཤིས་ཀྱི་འོད་ཟེར་འཕྲོ་བ་དང་། སྤྱི་ཚོགས་ཀྱི་གཞུང་དྲང་མངོན་པ། ཀུན་སྤྱོད་ཀྱི་མཐའ་ཚད་བརྟན་སྲུང་། ཤེས་དཔལ་རྒྱུན་འཛིན་མཚོན་པ་བཅས་ཡོད་པས་འདི་ནི་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་བྱ་གཞག་ཅིག་རེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རླབས་ཆེན་ལག་ལེན་ལ་སྐུལ་འདེད་གཏོང་བར་དམངས་སྲིད་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་བརྒྱུད། དཀའ་ངལ་ཡོད་པའི་མང་ཚོགས་དང་དབང་པོ་སྐྱོན་ཅན་སོགས་ཚུད་པའི་ཚོགས་སྤྱི་ཁག་གི་བདེ་རྩར་ཐུག་པའི་ཁེ་ཕན་འགན་ལེན་ཡག་པོ་བྱེད་པ་དང་འཕེལ་རྒྱས་ཡག་པོ་བཏང་ནས། ཐུན་མོང་གི་དམིགས་ཚད་མངོན་འགྱུར་ཡོང་ཆེད་སེམས་ནུས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་ཀྱི་གསོན་ཉམས་ལྡན་པའི་རྣམ་པ་ཞིག་ཆགས་པར་བྱེད་དགོས།
ལི་ཆང་གིས་ནན་བཤད་གནང་དོན། དམངས་ལ་བཅངས་པའི་བརྩེ་སེམས་ཟབ་མོར་བརྟེན་ནས་དམངས་སྲིད་ལས་དོན་བསྒྲུབས་ཏེ་མང་ཚོགས་ཀྱི་བློ་ལ་བབས་པའི་བྱ་བ་བཟང་པོ་དང་བྱ་བ་དངོས་ཏན་ཏིག་སྒྲུབ་དགོས། སྲིད་ཇུས་གཏན་འབེབས་བྱེད་པའི་ཐད། མང་ཚོགས་ཀྱི་སྣ་མང་དགོས་མཁོ་གཞིར་བཟུང་སྲིད་ཇུས་ཀྱི་དམིགས་སའི་རང་བཞིན་དང་ནུས་ལྡན་རང་བཞིན་ཆེ་རུ་གཏོང་དགོས། སྲིད་ཇུས་ལག་བསྟར་བྱེད་པའི་ཐད། སྲིད་ཇུས་ཀྱི་བཙན་ཐབས་རང་བཞིན་དང་ལས་ཀའི་ཞི་འཇམ་རང་བཞིན་ཟུང་འབྲེལ་དམ་ཟབ་ཡོང་བར་བྱེད་དགོས། སྲིད་ཇུས་ཚུར་ལན་ཐད། སྲིད་ཇུས་ཚོད་སྐོར་ལེགས་སྒྱུར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེན་པོར་བརྟེན་ནས་དམངས་སྲིད་ལས་དོན་བསྒྲུབས་ཏེ། ཆབ་སྲིད་ཐད་ནས་དམངས་སྲིད་བྱ་གཞག་འཕེལ་རྒྱས་ལ་བསམ་གཞིག་དང་། ཇུས་འགོད། སྐུལ་འདེད་བཅས་མཁས་པོ་བྱེད་དགོས། གཏིང་ཟབ་ལ་ཞིབ་ཚགས་པའི་སྤྱོད་ཚུལ་ལ་བརྟེན་ནས་དམངས་སྲིད་ལས་དོན་བསྒྲུབས་ཏེ། གཞི་རིམ་གྱི་འཐབ་ས་དང་པོར་རང་འགུལ་དུ་བསྐྱོད་དེ་ལས་དོན་ལ་དམ་འཛིན་ཞིབ་ཕྲ་དང་གཏིང་ཟབ་བྱེད་པ་དང་། ཞིབ་ཚགས་དང་སྔོན་མཐོང་གིས་ལས་དོན་སྒྲུབ་པའི་གསལ་རྟོགས་ནུས་པ་ཆེ་རུ་གཏོང་བ། ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བཅས་བྱས་ནས་མང་ཚོགས་ཀྱི་འཚོ་བའི་དོན་དག་ཆུང་ཙག་ཐག་གཅོད་བྱེད་རིང་དམངས་ཆེད་དང་དམངས་གཅེས་ཀྱི་བྱ་བ་ཆེན་པོ་སྒྲུབ་མཁས་པོ་བྱེད་དགོས། སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་དམངས་སྲིད་ལས་དོན་བསྒྲུབས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། དམངས་སྲིད་སྒྱུར་བཅོས་བརྒྱུད་རིམ་ལྡན་པའི་ངང་ཇུས་འགོད་དང་ལག་བསྟར། མང་ཚོགས་ཀྱི་མིག་སྔའི་སུན་སྣང་བྱེད་ས་དང་སེམས་ནད་ཆེ་ས་ཐག་གཅོད་ཡག་པོ་བཅས་བྱེད་པ་དང་འབྲེལ། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་ལམ་ལུགས་མ་ལག་རང་འགུལ་ངང་ཇུས་འགོད་དང་འཐུས་སྒོ་ཚང་དུ་བཏང་སྟེ། དམངས་སྲིད་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།
རྒྱལ་དོན་ཨུ་ཡོན་ཧྲེན་དབྱི་ཆིན་གྱིས་གསུང་བཤད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་སྲིད་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཙུང་ལི་ལི་ཆང་གི་གསུང་བཤད་ཀྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ་དང་། སྤྱི་ཚོགས་རོགས་སྐྱོབ་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། རྒན་གསོ་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཚོགས་རྩ་འཛུགས་དང་ས་ཁུལ་དབྱེ་འབྱེད་ཀྱི་ས་མིང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། པུར་འཇུག་བྱེད་ལུགས་སོགས་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ཟབ་ཏུ་གཏོང་བ། དགེ་སྒྲུབ་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་དམངས་སྲིད་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
ཚོགས་འདུའི་ཐོག་རྒྱལ་ཡོངས་དམངས་སྲིད་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ་དང་། ངལ་རྩོལ་དཔེ་བཟང་བ། སྔོན་ཐོན་ལས་དོན་པ་བཅས་ལ་གཟེངས་བསྟོད་བྱས་ཤིང་། ཧྲང་ཧའེ་གྲོང་ཁྱེར་དང་། ཅང་སུའུ་ཞིང་ཆེན། ཀྲེ་ཅང་ཞིང་ཆེན། ཅང་ཤིས་ཞིང་ཆེན། ཧྲན་ཏུང་ཞིང་ཆེན། སི་ཁྲོན་ཞིང་ཆེན། ཀུའེ་ཀྲོའུ་ཞིང་ཆེན། ཧྲའན་ཤིས་ཞིང་ཆེན་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་སྤེལ་རེས་གཏམ་བཤད་བྱས་པ་རེད།
ཝུའུ་ཀྲེང་ལུང་ཚོགས་འདུར་ཞུགས་པ་རེད།
ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་དང་འཆར་གཞི་ལོགས་བཀོད་ཀྱི་གྲོང་ཁྱེར་དང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་འབྲེལ་ཡོད་མི་དམངས་ཚོགས་པ་བཅས་ཀྱི་འགན་འཁུར་བློ་མཐུན་དང་། གཟེངས་བསྟོད་ཐོབ་པའི་མཉམ་སྡེབ་དང་མི་སྒེར་གྱི་འཐུས་མི་སོགས་ཚོགས་འདུར་ཞུགས་ཡོད་པ་རེད།