དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱ་མཚོ་སློབ་ཆེན་གྱི་དགེ་སློབ་ཡོངས་ལ་འཕྲིན་ལན་སྤྲིངས་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-10-28

    འཕྲིན་ལན།

    ཀྲུང་གོ་རྒྱ་མཚོ་སློབ་ཆེན་གྱི་དགེ་སློབ་རྣམ་པ།

    ཁྱེད་ཚོ་ཁམས་བཟང་། འཕྲིན་ཡིག་འབྱོར་བྱུང་། ཀྲུང་གོ་རྒྱ་མཚོ་སློབ་ཆེན་བཙུགས་ནས་ལོ་100འཁོར་བའི་མཚམས་སུ་སློབ་གྲྭའི་དགེ་སློབ་ལས་བཟོ་ཡོངས་དང་དེ་བཞིན་རྒྱ་ཆེའི་སློབ་གྲྭ་གཅིག་པ་རྣམས་ལ་རྟེན་འབྲེལ་ཞུ་རྒྱུ་ཡིན།

    ཁྱེད་རྣམས་ཀྱིས་སློབ་གྲྭ་བཙུགས་ནས་ལོ་100འཁོར་བ་དེ་འགོ་འཛུགས་སར་བྱེད་པ་དང་། ཚན་རྩལ་འཕེལ་རྒྱས་དང་རྒྱལ་ཁབ་འཐབ་ཇུས་ཀྱི་དགོས་མཁོ་སྣེ་ཁྲིད་དུ་བྱེད་པ། རིག་ཚན་སྒྲིག་འགོད་ཀྱི་ལེགས་སྒྲིག་ལམ་སྲོལ་དང་ཤེས་ལྡན་པ་གསོ་སྐྱོང་བྱེད་སྟངས་འཐུས་སྒོ་ཚང་དུ་གཏོང་བ། ཐོག་མའི་གསར་གཏོད་དང་སྣེ་ཁྲིད་རང་བཞིན་གྱི་རྒྱ་མཚོའི་ཚན་རྩལ་འགག་སྒྲོལ་ལ་ཤུགས་སྣོན་རྒྱག་པ། རྒྱ་མཚོའི་ཕུགས་འདུན་བློ་ལ་འཆང་ཞིང་དུས་རབས་ཀྱི་ལས་འགན་ལྕི་པོ་ཁུར་ཐུབ་པའི་རྒྱ་མཚོའི་ཤེས་ལྡན་པ་ཕུལ་བྱུང་དེ་བས་མང་བ་གསོ་སྐྱོང་ཧུར་ཐག་བྱེད་པ་བཅས་བྱས་ནས། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་དང་རྒྱ་མཚོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད། ཞི་ཅིན་ཕིང་། 2024ལོའི་ཟླ་10ཚེས་24ཉིན།

    (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་25ཉིན་འབྱོར་བའི་གློག་འཕྲིན)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ10ཚེས25ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱ་མཚོ་སློབ་ཆེན་གྱི་དགེ་སློབ་ཡོངས་ལ་འཕྲིན་ལན་སྤྲིངས་ཤིང་། ཀྲུང་གོ་རྒྱ་མཚོ་སློབ་ཆེན་བཙུགས་ནས་ལོ་100འཁོར་བའི་མཚམས་སུ། སློབ་གྲྭའི་དགེ་སློབ་ལས་བཟོ་ཡོངས་དང་དེ་བཞིན་རྒྱ་ཆེའི་སློབ་གྲྭ་གཅིག་པ་རྣམས་ལ་རྟེན་འབྲེལ་ཞུས་གནང་བ་རེད། ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཁྱེད་རྣམས་ཀྱིས་སློབ་གྲྭ་བཙུགས་ནས་ལོ་100འཁོར་བ་དེ་འགོ་འཛུགས་སར་བྱེད་པ་དང་། ཚན་རྩལ་འཕེལ་རྒྱས་དང་རྒྱལ་ཁབ་འཐབ་ཇུས་ཀྱི་དགོས་མཁོ་སྣེ་ཁྲིད་དུ་བྱེད་པ། རིག་ཚན་སྒྲིག་འགོད་ཀྱི་ལེགས་སྒྲིག་ལམ་སྲོལ་དང་ཤེས་ལྡན་པ་གསོ་སྐྱོང་བྱེད་སྟངས་འཐུས་སྒོ་ཚང་དུ་གཏོང་བ། ཐོག་མའི་གསར་གཏོད་དང་སྣེ་ཁྲིད་རང་བཞིན་གྱི་རྒྱ་མཚོའི་ཚན་རྩལ་འགག་སྒྲོལ་ལ་ཤུགས་སྣོན་རྒྱག་པ། རྒྱ་མཚོའི་ཕུགས་འདུན་བློ་ལ་འཆང་ཞིང་དུས་རབས་ཀྱི་ལས་འགན་ལྕི་པོ་ཁུར་ཐུབ་པའི་རྒྱ་མཚོའི་ཤེས་ལྡན་པ་ཕུལ་བྱུང་དེ་བས་མང་བ་གསོ་སྐྱོང་ཧུར་ཐག་བྱེད་པ་བཅས་བྱས་ནས། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་དང་རྒྱ་མཚོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད། (འཕྲིན་ལན་ཆ་ཚང་ཟུར་དུ་བཀོད་ཡོད)

    ཀྲུང་གོ་རྒྱ་མཚོ་སློབ་ཆེན(དེ་སྔའི་སྒེར་བཙུགས་ཆིང་ཏའོ་སློབ་ཆེན)ནི1924ལོར་བཙུགས་པ་དང་། 2002ལོར་ཆིང་ཏའོ་རྒྱ་མཚོ་སློབ་ཆེན་ཞེས་པ་ནས་ཀྲུང་གོ་རྒྱ་མཚོ་སློབ་ཆེན་ཞེས་པར་མིང་བསྒྱུར་བ་རེད། ཉེ་ཆར། ཀྲུང་གོ་རྒྱ་མཚོ་སློབ་ཆེན་གྱི་དགེ་སློབ་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ནས་སློབ་གྲྭའི་ལོ་བརྒྱའི་སློབ་གཉེར་གྱི་འབད་འཐབ་བརྒྱུད་རིམ་སྐོར་སྙན་སེང་ཞུས་ཤིང་། རྒྱ་མཚོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཧུར་ཐག་ཞུས་ཏེ། ཕྱོགས་ཡོངས་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་མི་རིགས་བསྐྱར་དར་རླབས་པོ་ཆེར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་ཆོད་སེམས་མཚོན་པར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།