དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཐོན་ལས་གླིང་སྐྲུན་པ་ལས་ཀྲུང་ཕའི་དཔལ་འབྱོར་མཉམ་ལས་ཆུ་ཚད་མཐོ་རུ་སོང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཅང་ཁྲའོ་དང་ཀྲང་ཅིང་ཡའོ།   |     སྤེལ་དུས།  2024-10-27

    འདི་ནི་ཕ་ཁི་སི་ཐན་ནུབ་བྱང་རྒྱུད་ཀྱི་ཁའེ་པོར—ཕུའུ་ཧྲི་ཐུའུ་ཞིང་ཆེན་ནའོ་ཞེ་ལཱ་ས་ཁུལ་ནས་པར་བླངས་པའི་ལ་ཧྲ་ཁཱ་དབྱི་དམིགས་བསལ་དཔལ་འབྱོར་ཁུལ་ཡིན་པ།

    འདི་ནི་ཕ་ཁི་སི་ཐན་ནུབ་བྱང་རྒྱུད་ཀྱི་ཁའེ་པོར—ཕུའུ་ཧྲི་ཐུའུ་ཞིང་ཆེན་ནའོ་ཞེ་ལཱ་ས་ཁུལ་ནས་པར་བླངས་པའི་ལ་ཧྲ་ཁཱ་དབྱི་དམིགས་བསལ་དཔལ་འབྱོར་ཁུལ་ཡིན་པ།

    འདི་ནི་ཕ་ཁི་སི་ཐན་ནུབ་བྱང་རྒྱུད་ཀྱི་ཁའེ་པོར—ཕུའུ་ཧྲི་ཐུའུ་ཞིང་ཆེན་ནའོ་ཞེ་ལཱ་ས་ཁུལ་ནས་པར་བླངས་པའི་ལ་ཧྲ་ཁཱ་དབྱི་དམིགས་བསལ་དཔལ་འབྱོར་ཁུལ་གྱི་དོ་དམ་ཐོག་བརྩེགས་ཁང་ཆེན་ཡིན་པ།

    འདི་ནི་ཕ་ཁི་སི་ཐན་ནུབ་བྱང་རྒྱུད་ཀྱི་ཁའེ་པོར—ཕུའུ་ཧྲི་ཐུའུ་ཞིང་ཆེན་ནའོ་ཞེ་ལཱ་ས་ཁུལ་ནས་པར་བླངས་པའི་ལ་ཧྲ་ཁཱ་དབྱི་དམིགས་བསལ་དཔལ་འབྱོར་ཁུལ་དུ་སྐྲུན་མུས་ཀྱི་ཁེ་ལས་ཀྱི་བཟོ་ཁང་ཡིན་པ།

     འདི་ནི་ཕ་ཁི་སི་ཐན་ནུབ་བྱང་རྒྱུད་ཀྱི་ཁའེ་པོར—ཕུའུ་ཧྲི་ཐུའུ་ཞིང་ཆེན་ནའོ་ཞེ་ལཱ་ས་ཁུལ་ནས་པར་བླངས་པའི་ལ་ཧྲ་ཁཱ་དབྱི་དམིགས་བསལ་དཔལ་འབྱོར་ཁུལ་དུ་ཡོད་པའི་ཚད་ལྡན་བཟོ་ཁང་ཡིན་པ།

    ཕ་ཁི་སི་ཐན་གྱི་རྒྱལ་ས་དབྱི་སི་ལམ་པོ་ནས་ཐོན་ཏེ་ནུབ་བྱང་ཕྱོགས་སུ་མྱུར་བགྲོད་གཞུང་ལམ་ཨང་དང་པོའི་ཐོག་བསྐྱོད་ཚེ་ཆུ་ཚོད་གཅིག་ཀྱང་མ་འགོར་བར་རྒྱལ་ཁབ་དེའི་ནུབ་བྱང་རྒྱུད་ཀྱི་ཁའེ་པོར—ཕུའུ་ཧྲི་ཐུའུ་ཞིང་ཆེན་གྱི་ལ་ཧྲ་ཁཱ་དབྱི་དམིགས་བསལ་དཔལ་འབྱོར་ཁུལ་དུ་སླེབས་ཀྱི་ཡོད།

    དེ་ནི་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་སྒྲོམ་གཞིའི་འོག་གི་ཀྲུང་གོའི་གཞི་རྒྱུ་ལྡན་པའི་དམིགས་བསལ་དཔལ་འབྱོར་ཁུལ་ཐོག་མ་དེ་ཡིན་པ་དང་། ཀྲུང་གོ་ལམ་ཟམ་ལས་གྲྭ་ཚད་ཡོད་འགན་འཁྲི་ཀུང་སིས་སྣེ་ཁྲིད་དེ་བཙུགས་པའི་རྣམ་གྲངས་ཀུང་སིས་འཛུགས་སྐྲུན་དང་གཉེར་སྐྱོང་གི་གཙོ་ཁྲིད་བྱས་ཤིང་། སྤྱིའི་འཆར་འགོད་རྒྱ་ཁྱོན་སྤྱི་ཆིང་406.7ཙམ་ཡོད་པ་རེད།

    ཀྲུང་གོ་ལམ་ཟམ་ལ་ཧྲ་ཁཱ་དབྱི་དམིཌ་བསལ་དཔལ་འབྱོར་ཁུལ་རྣམ་གྲངས་ཀྱི་ཅིང་ལི་ཝུའུ་ཡུས་ཤིན་གྱིས་ཐོན་ལས་འཆར་འགོད་རི་མོ་ཞིག་ཁྱེར་ཏེ། གསར་འགོད་པར་ལ་ཧྲ་ཁཱ་དབྱི་དམིགས་བསལ་དཔལ་འབྱོར་ཁུལ་དེ་དུས་ཐེངས་གསུམ་ལ་དབྱེ་ནས་གསར་སྤེལ་འཛུགས་སྐྲུན་བྱ་རྒྱུ་དང་། འཕྲུལ་ཆས་སྒྲིག་ཆས་དང་། ཁྱིམ་སྤྱོད་གློག་ཆས། བཟའ་བཅའ་ལས་སྣོན། འཁེལ་འཐག་དང་ཀོ་ཆས། ཁྱིམ་མཁོའི་རྒྱུ་ཆ། མཛོད་ཉར་ཟོག་འགྲེམས་སོགས་ཐོན་ལས་སྣ་ཚོགས་ནང་འདྲེན་བྱ་རྩིས་ཡོད་ཅེས་ངོ་སྤྲོད་བྱས།

    ཁོང་གིས་འགྲིམ་འགྲུལ་དང་ས་བབ་ཆ་རྐྱེན་ལེགས་པོར་བརྟེན་ནས་ལ་ཧྲ་ཁཱ་དབྱི་དམིགས་བསལ་དཔལ་འབྱོར་ཁུལ་གྱིས་ཕ་ཁི་སི་ཐན་གྱི་ནུབ་བྱང་རྒྱུད་ཀྱི་ཐོན་ལས་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཐུབ། ན་ནིང་གི་ཟླ་3པར་ལས་མཇུག་འགྲིལ་ཚུན། གླིང་ཁུལ་དུ་ཅུང་འཐུས་སྒོ་ཚང་བའི་རྨང་གཞིའི་སྒྲིག་བཀོད་བསྐྲུན་ཟིན་པ་མ་ཟད། རྒྱལ་ནང་གི་བཟོ་ལས་གླིང་ཁུལ་ལེགས་གྲས་ཀྱི་གཉེར་སྐྱོང་དཔེ་མཚོན་དང་ས་གནས་དེ་གའི་ཕུལ་བྱུང་ལས་མིའི་དངོས་སྦྱོང་ཉམས་མྱོང་དཔྱད་གཞིར་བཟུང་ནས་གླིང་ཁུལ་དུ་ཞུགས་པའི་ཁེ་ལས་ཀྱི་དགོས་མཁོ་སྐོང་གང་ཐུབ་བྱས་ཡོད་ཅེས་བརྗོད།

    “མིག་སྔར་ཉུང་མཐར་ཡང་ཁེ་ལས་25ཡི་མ་འཇོག་མཁན་གྱིས་འབྲེལ་གཏུག་བྱེད་པར་ཡོང་བ་དང་། ཁེ་ལས་10མ་འཇོག་བྱས་ནས་སྐྲུན་འགོ་ཚུགས་ཡོད། དེ་དག་ངར་ལྕགས་བཙོ་སྦྱངས་དང་། སྨན་བཟོ། སྨན་བཅོས་ཡོ་བྱད། སྒུལ་བདེའི་ལྷུ་ལག་ལས་སྣོན་སོགས་ཀྱི་ཐོན་ལས་དང་འབྲེལ་བ་ཡོད”ཅེས་ལ་ཧྲ་ཁཱ་དབྱི་དམིགས་བསལ་དཔལ་འབྱོར་ཁུལ་གྱི་སྤྱི་པའི་བྱ་གཞག་སྡེ་ཚན་གྱི་ཀྲུའུ་རེན་ཨ་ཧྲི་ལ་ཧྥུའུ·ཨའོ་ལེ་ཀེ་ཙའེ་ཡིས་བརྗོད་པ་དང་ཁོང་གིས་གླིང་ཁུལ་གྱིས་འཛུལ་སྒོར་གཅིག་འཐུས་རྣམ་པའི་མ་འཇོག་སྟབས་བདེའི་སྐར་ཁུང་བཙུགས་ནས་མ་འཇོག་མཁན་གྱིས་གླིང་ཁུལ་དུ་ཞུགས་པའི་འགྲོ་ལུགས་གཉེར་རྒྱུར་སྟབས་བདེ་ཆེ་ཤོས་བསྐྲུན་ཡོད་ཅེས་བརྗོད།

    ཁོང་གིས“ཀྲུང་གོ་དང་ཕ་ཁི་སི་ཐན་ཕྱོགས་གཉིས་པོའི་གཉེར་སྐྱོང་ཚོགས་པའི་འབད་བརྩོན་འོག་ང་ཚོར་ལ་ཧྲ་ཁཱ་དབྱི་དེ་ཉིད་ཁའེ་པོར—ཕུའུ་ཧྲི་ཐུའུ་ཞིང་ཆེན་གྱི་ཆེས་སྤུས་ལེགས་ཀྱི་དམིགས་བསལ་དཔལ་འབྱོར་ཁུལ་དུ་བསྐྲུན་ནས་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་ཐོན་ལས་མཉམ་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་རམ་འདེགས་བྱེད་ཐུབ་པའི་ཡིད་ཆེས་ཡོད་ལ་ནུས་པའང་ཡོད”ཅེས་བརྗོད།

    (ཤིན་ཧྭ་གསར་འགྱུར་ཁང་དབྱི་སི་ལམ་པོ་ནས་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།