དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྔོན་དཔག་བྱས་ན་འདི་ལོ་འབྲུ་རིགས་ཐོན་འབབ་རྒྱ་མ་དུང་ཕྱུར་ཁྲི་1.4ཡན་ཟིན་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-10-27

    ཚེས་25ཉིན། གསར་འགོད་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། རང་རྒྱལ་གྱི་འབྲུ་རིགས་ཐོན་འབབ་ལོ་9བསྟུད་མར་རྒྱ་མ་དུང་ཕྱུར་ཁྲི་1.3ཡན་བརྟན་པོ་བྱུང་བ་དང་སྔོན་དཔག་བྱས་ན་འདི་ལོ་རྒྱ་མ་དུང་ཕྱུར་ཁྲི་1.4ཡན་ཟིན་ནས་ཐོན་འཕར་ཆེན་པོ་ཡོང་རྒྱུ་ཡིན་པ་རེད།

    སྟོན་འབྲུ་ནི་ལོ་ཧྲིལ་པོའི་འབྲུ་རིགས་ཐོན་སྐྱེད་བྱེད་མང་ཤོས་ཤིག་རེད། ཟླ་10ཚེས་24ཉིན་བར། རྒྱལ་ཡོངས་སུ་སྟོན་འབྲུ་བསྡུ་ཚད་82.5%ལེགས་གྲུབ་ཟིན་ཡོད། འདི་ལོའི་དབྱར་འབྲུའི་ཐོན་འབབ་རྒྱ་མ་དུང་ཕྱུར་2995.6ཟིན་པ་དེ་ནི་ཉེ་བའི་ལོ་9ཡི་ནང་ཐོན་འཕར་མང་ཤོས་ཀྱི་ལོ་ཞིག་རེད། མིག་སྔར། སྟོན་འདེབས་དང་དགུན་འདེབས་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་ཅིང་། ཟླ་10ཚེས་24ཉིན་བར། དགུན་གྲོ་མུའུ་དུང་ཕྱུར་2.1བཏབ་པ་དང་དགུན་ཁའི་པད་ཁ་མུའུ་ཁྲི་7400ལྷག་ཙམ་བཏབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།