དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དངུལ་རྩའི་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་ཚོང་ལས་འགན་བཅོལ་གྱི་ལོ་དངུལ་འཕེལ་རྒྱས་ཤུགས་ཆེན་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-10-26

    རྒན་གསོའི་དངུལ་རྩར་བསམ་གཞིག་ཡག་པོ་བྱ་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་དངུལ་རྩའི་ལས་དོན་ཚོགས་འདུའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཀ་རྟེན་གསུམ་པའི་རྒན་གསོ་འགན་བཅོལ་གྱི་ཞན་ཆ་མགྱོགས་མྱུར་གསབ་པ། མི་དམངས་མང་ཚོགས་ཀྱི་སྣ་མང་ཅན་གྱི་རྒན་གསོ་འགན་བཅོལ་དང་ནོར་སྲིད་དོ་དམ་གྱི་དགོས་མཁོ་སྔར་བས་སྐོང་བ་བཅས་བྱ་ཆེད། ཉེ་ཆར་དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས《ཚོང་ལས་འགན་བཅོལ་གྱི་ལོ་དངུལ་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུའི་འབྲེལ་ཡོད་དོན་ཚན་སྐོར་གྱི་བརྡ་ཐོ》བཀྲམ་པ་རེད།

    བརྡ་ཐོའི་ནང་ཚོང་ལས་འགན་བཅོལ་ལོ་དངུལ་གྱི་ཐ་སྙད་གསལ་པོ་བཟོས་ཤིང་། ཡུན་རིང་ལེན་ཐུབ་པའི་ཐོན་རྫས་དང་ཞབས་ཞུ་གཙོ་གནད་དུ་འཕེལ་རྒྱས་གཏོང་དགོས་པའི་སྐོར་བཏོན་པ་དང་། མི་སྒེར་གྱི་རྒྱུ་ནོར་རྒན་གསོའི་དངུལ་ལ་གཞན་སྒྱུར་དང་ལེན་པའི་དགོས་མཁོ་སྐོང་ཐབས་འཚོལ་ཞིབ་བྱས་པ་རེད། ཚོང་ལས་རྒན་གསོ་འགན་བཅོལ་གྱི་ཆེད་མངགས་གྲོན་བསྡུ་བབ་བསྟུན་དང་། མ་དངུལ་བདེ་འཇགས། ཡུན་རིང་གི་ལོ་དངུལ་ལེན་རྒྱུར་རྒྱབ་སྐྱོར་སོགས་ཀྱི་ཁྱད་ཆོས་འདོན་སྤེལ་གྱིས་རྨང་གཞིའི་རང་བཞིན་གྱི་འགན་ལེན་ནུས་པ་ལྡན་པའི་རྒན་གསོའི་དངུལ་དོ་དམ་བྱེད་པའི་ཡོ་ཆས་བཟོ་དགོས་ལུགས་བཏོན་པ་རེད།

    བརྡ་ཐོའི་ནང་བཏོན་དོན། མི་སྒེར་གྱི་རྒན་གསོའི་དངུལ་གྱི་ལམ་ལུགས་དང་འཚམ་པའི་ཐོན་རྫས་གསར་པ་དང་ཆེད་གཏོགས་ཐོན་རྫས་གསར་སྤེལ་བྱེད་དགོས། འགན་བཅོལ་ཀུང་སིས་ཀུན་ཕན་དམངས་ཕན་གྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། མི་སྒེར་གྱི་རྒན་གསོའི་དངུལ་གྱི་ལམ་ལུགས་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་ཐོན་རྫས་དང་ལས་སྒོའི་དོ་དམ་ལ་ཤུགས་སྣོན་རྒྱག་དགོས།

    བརྡ་ཐོའི་ནང་བཏོན་དོན། ཚོང་ལས་རྒན་གསོའི་དངུལ་གྱི་ལས་སྒོའི་ཚོད་ལྟའི་ལས་དོན་སྔར་བས་སྤེལ་རྒྱ་ཆེ་རུ་གཏོང་དགོས་ཤིང་། “ཀུང་སི་གཅིག་གི་ཆ་རྐྱེན་འཛོམས་ཚེ་ལས་སྒོ་གཅིག་སྤེལ་བའི”རྩ་དོན་གཞིར་བཟུང་ཆ་རྐྱེན་འཛོམས་པའི་རྒན་གསོའི་འགན་བཅོལ་ཀུང་སི་དེ་བས་མང་བ་ཚོང་ལས་རྒན་གསོའི་དངུལ་གྱི་ལས་སྒོར་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། ཚོད་ལྟའི་ལས་དོན་གྱི་ཉམས་མྱོང་ཕྱོགས་སྡོམ་བྱེད་པའི་རྨང་གཞིའི་ཐོག་ཚོད་ལྟའི་ལས་དོན་སྤེལ་ཡུན་རིང་དུ་དང་ཚོད་ལྟའི་ས་ཁོངས་རྒྱ་ཆེར་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།