དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་དབྱི་ཝུའུ་དངོས་མང་སྟོན་ཚོགས་སྐབས་30པར་ཉོ་ཚོང་གཉིས་དར་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-10-26

    འདི་ནི་ཀྲུང་གོའི་དབྱི་ཝུའུ་རྒྱལ་སྤྱིའི་ཚོང་ཟོག་ཆུང་རིགས་དངོས་མང་སྟོན་ཚོགས་སྐབས་30པའི་ཕྱིར་གཏོང་ཚོང་ཟོག་འགྲེམས་སྟོན་ཐོག་རྒྱལ་ཕྱིའི་ཉོ་སྒྲུབ་ཚོང་པས་རྒྱུན་མཁོའི་བརྒྱ་ཟོག་ཚོགས་སྒྲིག་ཉོ་སྒྲུབ་བྱེད་བཞིན་པ།

    ཟླ་10ཚེས་22ཉིན། ཀྲེ་ཅང་དབྱི་ཝུའུ་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་ལྟེ་གནས་ཀྱི་ཀྲུང་གོའི་དབྱི་ཝུའུ་རྒྱལ་སྤྱིའི་ཚོང་ཟོག་ཆུང་རིགས་དངོས་མང་སྟོན་ཚོགས་སྐབས་30པའི་ཕྱིར་གཏོང་ཚོང་ཟོག་འགྲེམས་སྟོན་ལ་ཚོང་པ་མང་པོ་འཛོམས་ཤིང་། རྒྱལ་ཁབ་ཕྱི་ནང་གི་ཚོང་པས་འགྲེམས་ཚོགས་བརྒྱུད་ཚོང་ལས་ཀྱི་གོ་སྐབས་བཙལ་ཏེ་འཕེལ་རྒྱས་ཡོང་ཐབས་བྱེད་ཀྱི་ཡོད། སྐབས་འདིའི་འགྲེམས་ཚོགས་ལ“ཕྱི་ཕྱོགས་ཚོང་དོན་གྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱས་ནས་སྒོ་དབྱེའི་ལེགས་ཆ་གསར་པ་གཏོད་པ”བརྗོད་དོན་གཙོ་བོར་བྱས་ཡོད། རྒྱལ་སྤྱིའི་ཚད་ལྡན་འགྲེམས་གནས་3900ལྷག་ཙམ་བཀོད་སྒྲིག་བྱས་པར་ཁེ་ལས་2500ལྷག་ཙམ་འགྲེམས་སྟོན་ལ་ཞུགས་པ་དང་། འགྲེམས་སྟོན་གྱི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་10ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།