ཁ་བས་བརྒྱན་པའི་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་མཛེས་ལྗོངས།
འདི་ནི་ཟླ་10ཚེས་22ཉིན་གྱི་ཞོགས་པ་མདོ་ལ་རིང་མོའི་སྤྱི་གླིང་ཀན་སུའུ་ཞིང་ཆེན་ཀྲང་ཡེ་གྲོང་ཁྱེར་ཀན་ལྷོ་ཡུས་ཀུའུ་རིགས་རང་སྐྱོང་རྫོང་རྟ་རྨིག་བོད་རིགས་ཤང་དུམ་བུའི་ཁ་བས་བརྒྱན་པའི་མདོ་ལ་རིང་མོའི་མཛེས་ལྗོངས་ཡིན་པ།
ཉེ་བའི་ལོ་ཤས་རིང་། ཀན་སུའུ་ཞིང་ཆེན་ཀྲང་ཡེ་གྲོང་ཁྱེར་གྱིས་མདོ་ལ་རིང་མོའི་སྐྱེ་ཁམས་དོ་དམ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བས་ཀན་སུའུ་ལྷོ་རྒྱུད་རྫོང་ཁོངས་ཀྱི་མདོ་ལ་རིང་མོའི་ནགས་རྩྭའི་སྐྱེ་ཁམས་སྔོ་ཁེབས་ཁྱབ་ཚད་རྒྱུན་མཐུད་ཆེ་རུ་ཕྱིན་པ་དང་། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པ། ལོ་མང་རིང་གར་སོང་ཆ་མེད་དུ་གྱུར་པའི་གསའ་སོགས་རྩ་ཆེའི་སྲོག་ཆགས་སླར་ཡང་མང་པོ་ཐོན་པ། རི་སྐྱེས་སྲོག་ཆགས་ཁྱུ་ཚོགས་ཀྱི་གྲངས་འབོར་མང་དུ་ཕྱིན་པ་བཅས་བརྗིད་ཆགས་ཡིད་དུ་འོང་བའི་མདོ་ལ་རིང་མོའི་རྒྱུད་ཀྱི་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་རྣམ་པ་ཞིག་མི་རྣམས་ཀྱི་མིག་ལམ་དུ་སླར་ཡང་མངོན་ཡོད།