བོད་ལྗོངས་སྤོ་བོ་རྫོང་དུ་དྲག་ཆས་ཉེན་རྟོག་དཔོན་དམག་གིས་བོད་རིགས་མང་ཚོགས་ལ་དམངས་གཅེས་དམངས་རོགས་ཀྱི་བྱེད་སྒོ་སྤེལ་བ།
འདི་ནི་དཔོན་དམག་གིས་མང་ཚོགས་ལ་སྨན་སྤྲོད་བཞིན་པ།
ཉེ་ཆར་དྲག་ཆས་ཉེན་རྟོག་འཕྲུལ་སྒུལ་སྤྱི་ཁྱབ་རུ་ཁག་གཉིས་པའི་ཉིང་ལག་རུ་ཁག་ཅིག་གི་དཔོན་དམག་ཚོས་གནས་གཏན་འཁེལ་གྱི་གྲོང་གསེབ་དར་རྒྱས་རོགས་སྐྱོར་བྱ་ཡུལ་རྦ་ཁ་གྲོང་ཚོར་བསྐྱོད་དེ་མང་ཚོགས་ལ་འཚམས་འདྲི་བྱས་པ་དང་འབྲེལ་དམངས་གཅེས་དམངས་རོགས་ཀྱི་བྱེད་སྒོ་ཡང་སྤེལ་བ་རེད། བོད་ལྗོངས་སྤོ་བོ་རྫོང་རྦ་ཁ་གྲོང་ཚོར་དཔོན་དམག་ཚོས་ཏང་གི་དམངས་ཕན་སྲིད་ཇུས་གསར་པ་སྒྲོག་འགྲེལ་བྱས་པ་དང་ཆབས་ཅིག་མང་ཚོགས་ཀྱི་གཟུགས་པོར་བརྟག་དཔྱད་ཀྱང་བྱས་ཡོད།