དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “ལམ་གཉིས”ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་བགྲོ་གླེང་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-26

    ཚེས་24ཉིན། ཀྲུང་གོ་བོད་ལྗོངས་ཆ་འཕྲིན་ལྟེ་གནས་དང་བོད་རང་སྐྱོང་ལྗོངས་ཡན་ཨན་སྙིང་སྟོབས་ཞིབ་འཇུག་ཚོགས་པས་གཙོ་གཉེར་བྱས་པ་དང་། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དང་བོད་ལྗོངས་ལག་རྩལ་པའི་སློབ་གླིང་གིས་སྒྲུབ་འགན་ཁུར་བའི“ལམ་གཉིས”ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་བགྲོ་གླེང་ཚོགས་འདུ་ལྷ་སར་འཚོགས་པ་རེད།

    འགོ་ཚུགས་མཛད་སྒོའི་ཐོག་ཚོགས་ཞུགས་མི་སྣས་གཞི་རིམ་གྱི་ལམ་སྐྱོང་ལམ་སྲུང་འཐུས་མིར་མཇལ་དར་བསྒྲོན་ནས“ལམ་གཉིས”ཀྱི་སྙིང་སྟོབས་ལག་ལེན་བསྟར་མཁན་ལ་གུས་འདུད་དང་ཐུགས་རྗེ་ཆེ་ཞུ་ལུགས་མཚོན་པར་བྱས་པ་རེད། ད་དུང་ཚོགས་འདུའི་རིང་ཚོགས་ཞུགས་མི་སྣས་བོད་ལྗོངས་ལག་ཤེས་སློབ་གླིང་གི་འཕེལ་རྒྱས་འགྱུར་ལྡོག་ལ་ལྟ་སྦྱོང་བྱས་པ་རེད།

    ཚོགས་འདུའི་ཐོག་ཚོགས་ཞུགས་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་ལམ་སྐྲུན་དཔའ་བོ་རྒན་རབས་པའི་དཔའ་ངར་ཞུམ་མེད་ཀྱི་བྱས་རྗེས་དང་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་དང“ལམ་གཉིས”ཀྱི་སྙིང་སྟོབས་ཀྱི་ནང་དོན་དང་སྟོབས་ཤུགས་དང“ལམ་གཉིས”ཀྱི་སྙིང་སྟོབས་རྒྱུན་འཛིན་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་དོན་སྙིང་གལ་ཆེན་སོགས་ཀྱི་གྲོས་དོན་ལ་དམིགས་ནས། “ལམ་གཉིས”ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་བ་དེས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཐོབ་པའི་གྲུབ་འབྲས་དང་། དེ་བཞིན“ལམ་གཉིས”ཀྱི་སྙིང་སྟོབས་རྒྱུན་འཛིན་བྱེད་པའི་ཐབས་ཤེས་གསར་པ་དང་ཐབས་ལམ་གསར་པ་སྤེལ་རེས་དང་མཉམ་སྤྱོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།