དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང“འབོ་གསེར+”འགོ་ཁྲིད་པའི་གླེང་མོལ་ཚོགས་འདུར་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-10-26

    ས་གནས་དེ་གའི་དུས་ཚོད་ཟླ་10ཚེས་24ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཁ་ཧྲན་ཚོགས་འགྲེམས་ལྟེ་གནས་སུ“འབོ་གསེར+”འགོ་ཁྲིད་པའི་གླེང་མོལ་ཚོགས་འདུར་ཞུགས་ནས《“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་འདུས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་བ།

    ས་གནས་དེ་གའི་དུས་ཚོད་ཟླ་10ཚེས་24ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཁ་ཧྲན་ཚོགས་འགྲེམས་ལྟེ་གནས་སུ“འབོ་གསེར+”འགོ་ཁྲིད་པའི་གླེང་མོལ་ཚོགས་འདུར་ཞུགས་ནས《“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་འདུས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་ཞིང་། འདི་ནི་གླེང་མོལ་ཚོགས་འདུར་ཞུགས་མཁན་འབོ་གསེར་རྒྱལ་ཁབ་དང་སྐུ་མགྲོན་རྒྱལ་ཁབ་ཀྱི་འགོ་ཁྲིད་པའམ་འཐུས་མི། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་བ་བཅས་ཀྱིས་ལྷན་བཞུགས་སྐུ་པར་བསྒྲོན་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་ཨུ་རུ་སུའི་གྲོང་ཁྱེར་ཁ་ཧྲན་ནས་ཟླ་10ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་10ཚེས་24ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཁ་ཧྲན་ཚོགས་འགྲེམས་ལྟེ་གནས་སུ“འབོ་གསེར+”འགོ་ཁྲིད་པའི་གླེང་མོལ་ཚོགས་འདུར་ཞུགས་ནས《“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་འདུས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་སུ་ཚོགས་སྤྱིའི་རང་བཞིན་མང་དུ་འགྲོ་བ་དེ་ནི་འཛམ་གླིང་གི་འཕོ་འགྱུར་ཆེན་པོའི་མངོན་གསལ་དོད་པའི་མཚོན་རྟགས་ཤིག་རེད། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཐུན་མོང་ཐོག་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པ་དེ་ནི་འཛམ་གླིང་ལོ་རྒྱུས་ཐོག་གི་དོན་ཆེན་ཞིག་རེད་ལ། མིའི་རིགས་ཀྱི་ཤེས་དཔལ་འཕེལ་རིམ་ཁྲོད་སྔར་བྱུང་མྱོང་མེད་པའི་བྱ་སྤྱོད་རླབས་པོ་ཆེ་ཞིག་ཀྱང་རེད། དེ་དང་ཆབས་ཅིག་འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་ལ་སྔར་བཞིན་འགྲན་སློང་དྲག་པོ་འཕྲད་ཡོད་པས། འཛམ་གླིང་ལྷོ་ཕྱོགས་དར་རྒྱས་གཏོང་བའི་ལམ་བུ་ནི་བདེ་ལམ་ཞིག་མིན་པ་ངེས་གཏན་ཡིན། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་འཐབ་ས་དང་པོ་ཡིན་པའི་ང་ཚོས་མཉམ་སྡེབ་ཀྱི་བློ་གྲོས་དང་སྟོབས་ཤུགས་མངོན་པར་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་འགན་འཁྲི་འཁུར་དགོས།

    —— ཞི་བདེ་བརྟན་པོར་བསྲུངས་ནས་ཐུན་མོང་བདེ་འཇགས་ཡོང་བ་བྱེད་དགོས། ང་ཚོས་ཞི་བདེ་སྲུང་སྐྱོང་བྱེད་མཁན་གྱི་སྟོབས་ཤུགས་བརྟན་པོ་ཞིག་བྱས་ནས་གོ་ལ་ཧྲིལ་པོའི་བདེ་འཇགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་གླེང་མང་བའི་གནད་དོན་ཐག་གཅོད་བྱེད་པའི་རྩ་ལག་མཉམ་བཅོས་ཀྱི་བྱེད་ཐབས་འཚོལ་ཞིབ་བྱེད་དགོས། ངས་བཏོན་པའི་གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོར་ཕྱོགས་ཁག་གིས་བརྡ་ལན་ཧུར་ཐག་ཞུས་པ་མ་ཟད། ས་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོང་སོགས་ཁྱབ་ཁོངས་མང་པོར་གྲུབ་འབྲས་གལ་ཆེན་ཡང་ཐོབ་ཡོད། ང་ཚོས་ཡུག་རེན་གྱི་ཉམས་ཉེན་དང་དུས་བབ་གང་མགྱོགས་ཞི་ལྷོད་ཡོང་བར་སྐུལ་འདེད་བཏང་སྟེ་ཆབ་སྲིད་ཀྱི་ཐོག་ནས་ཐག་གཅོད་བྱེད་པའི་ལམ་བུ་འདིང་དགོས། ཅ་ཧྲ་ས་ཁུལ་དུ་ཕྱོགས་ཡོངས་ནས་དམག་མཚམས་འཇོག་པར་མུ་མཐུད་སྐུལ་འདེད་གཏོང་བ་དང“རྒྱལ་ཁབ་གཉིས་ཀྱི་ཇུས་གཞི”སླར་ཡང་ལག་བསྟར་བྱེད་པ་དང་འབྲེལ། ལེ་པ་ནོན་དུ་དམག་འཁྲུག་གི་མེ་ལྕེ་མི་མཆེད་པ་བྱེད་དགོས།

    —— འཕེལ་རྒྱས་སླར་གསོ་བྱས་ནས་ཡོངས་ཁྱབ་དར་རྒྱས་ཡོང་བར་བྱེད་དགོས། ང་ཚོས་ཐུན་མོང་ཐོག་འཕེལ་རྒྱས་ཀྱི་ལྟེ་བའི་སྟོབས་ཤུགས་སུ་བྱས་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་མ་ལག་སྒྱུར་བཅོས་ནང་ཧུར་ཐག་ཞུགས་པ་དང་སྣེ་ཁྲིད་བྱས་ཏེ་འཕེལ་རྒྱས་དེ་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་གྲོས་རིམ་གྱི་ལྟེ་བའི་གནས་བབ་ཐོག་འཇོག་པར་སྐུལ་འདེད་གཏོང་དགོས། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་བཏོན་ནས་ལོ་3སོང་རིང་། འཕེལ་རྒྱས་མ་དངུལ་ཨ་སྒོར་དུང་ཕྱུར་200ཙམ་སྐུལ་ཁྲིད་ཐུབ་ནས་རྣམ་གྲངས་1100ལྷག་ཙམ་སྤེལ་ཡོད། གོ་ལ་ཧྲིལ་པོའི་བཟོ་ལས་ཀྱི་མི་ཐབས་རིག་ནུས་མནའ་འབྲེལ་གྱི་ཕུལ་བྱུང་ལྟེ་གནས་ཉེ་དུས་ཧྲང་ཧའེ་རུ་བཙུགས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ད་དུང་གོ་ལ་ཧྲིལ་པོའི“རིག་ནུས་འགག་སྒོའི”དྲ་ཐོག་མཉམ་ལས་ལས་སྟེགས་དང་འབོ་གསེར་རྒྱལ་ཁབ་འགག་སྒོའི་དཔེ་སྟོན་ལྟེ་གནས་བསྐྲུན་རྒྱུ་ཡིན་པས་རྒྱལ་ཁབ་ཁག་དེའི་ནང་ཧུར་ཐག་ཞུགས་པར་དགའ་བསུ་ཞུ་གི་ཡིན།

    —— ཤེས་དཔལ་མཉམ་དུ་དར་བར་བྱས་ནས་སྣ་མང་ཞི་མཐུན་ཡོང་བར་བྱེད་དགོས། ང་ཚོས་ཤེས་རིག་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་མཁན་གྱི་སྟོབས་ཤུགས་ཤིག་བྱས་ནས་འབྲེལ་གཏུག་དང་གླེང་མོལ་ཟབ་ཏུ་བཏང་སྟེ་ཕན་ཚུན་དབར་རང་སོ་སོའི་རྒྱལ་ཁབ་ཀྱི་རྒྱལ་བབ་དང་འཚམ་པའི་དེང་རབས་ཅན་གྱི་ལམ་བུར་བསྐྱོད་པར་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་སྣེ་ཁྲིད་དེ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཇུས་འདོན་ཚོགས་པའི་མཉམ་ལས་མནའ་འབྲེལ་བཙུགས་ནས་རྒྱལ་ཁབ་ཁག་གི་མི་ཆོས་རིག་གནས་སྤེལ་རེས་དང་རྒྱལ་སྐྱོང་སྲིད་འཛིན་ཐད་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་གི་ཡིན།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་བཀོད་སྒྲིག་ཞིབ་ཚགས་བྱས་པ་དེས་འཛམ་གླིང་ལ་གོ་སྐབས་དེ་བས་མང་བ་མཁོ་འདོན་ཐུབ་ངེས་རེད། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་སེམས་ལ་འཆང་བ་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ལ་གཞི་ཚུགས་པ་དང་། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་དེ་བས་མང་བ་འབོ་གསེར་བྱ་གཞག་ནང་ཞུགས་པར་རྒྱབ་སྐྱོར། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བ་བཅས་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་གི་ཡིན།

    ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཤིས་དང་། དབྱི་རན་གྱི་ཙུང་ཐུང་ཕེ་ཙེ་ཤིས་ཆི་དབྱང་། ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལཱ་མཱ་ཕུའུ་ས་བཅས་དང་། པར་ཙིར་དང་། རྒྱ་གར། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། སོ་ཏི་ཨ་རབ། ཨེ་ཙེ་ཨོ་ཕི་ཡ་བཅས་ཀྱི་འཐུས་མི། གདན་ཞུས་སྐུ་མགྲོན་རྒྱལ་ཁབ་ཀྱི་འགོ་ཁྲིད་པའམ་ཡང་ན་འཐུས་མི་25དང་དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུའུ་ཐེ་ལེ་སི་དང་གསར་སྤེལ་དངུལ་ཁང་གསར་པའི་ཧང་ཀྲང་ལུའོ་སའེ་ཧྥུའུ་སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ་6ཚོགས་འདུར་ཞུགས་ཡོད་པ་རེད།

    ཚེས་23ཉིན་གྱི་དགོང་མོར། ཞི་ཅིན་ཕིང་ཕུའུ་ཅིང་གིས་འབོ་གསེར་རྒྱལ་ཁབ་དང་དེ་བཞིན་སྐུ་མགྲོན་རྒྱལ་ཁབ་ཀྱི་འགོ་ཁྲིད་པར་གཉེར་བའི་དགའ་བསུའི་གསོལ་སྟོན་ལ་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།