མི་རབས་བཞི་ཡིས་རི་སྔོན་ཆུ་དྭངས་དང་སི་ཁྲོན་གྱི་སྤྲེལ་ཁྲ་སྲུང་སྐྱོང་རྒྱུན་མཐུད་བྱས་པ།
འདི་ནི་སི་ཁྲོན་པའེ་ཧོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཐང་ཡུས་ལིན(དཀྱིལ)དང་། ཚ་བོ་ཐང་ཞའོ་ཀང(གཡས) ཤིས་ཧྭ་དགེ་འོས་སློབ་ཆེན་སྐྱེ་དངོས་རིག་པའི་ཞིབ་འཇུག་སློབ་མ་ལིའུ་ཤིན་བཅས་ཀྱིས་སི་ཁྲོན་གྱི་སྤྲེལ་ཁྲའི་གྲངས་འབོར་དང་འགུལ་སྐྱོད་བྱེད་ཚུལ་ལ་ལྟ་ཞིབ་དང་ཐོ་འགོད་བཞིན་པ།
འདི་ནི་སི་ཁྲོན་པའེ་ཧོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཐང་ཡུས་ལིན་གྱིས་སི་ཁྲོན་གྱི་སྤྲེལ་ཁྲར་ལག་པ་གཏོང་བཞིན་པ།
སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་གཟི་ཚྭ་སྡེ་དགུ་རྫོང་ཁོངས་ཀྱི་སི་ཁྲོན་པའེ་ཧོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ། སི་ཁྲོན་གྱི་རི་སྐྱེས་སྤྲེལ་ཁྲ་1700ཙམ་འཚོ་སྡོད་བྱེད་བཞིན་ཡོད་པ་དང་། དེ་དག་ནགས་ཚལ་ཁྲོད་ཕར་འགྲོ་ཚུར་འོང་བྱེད་པ་དང་རི་སྔོན་ཆུ་དྭངས་ཁྲོད་དགའ་སྤྲོའི་ངང་འཚོ་བར་རོལ་བཞིན་ཡོད། སི་ཁྲོན་གྱི་སྤྲེལ་ཁྲ་དེ་དག་བག་ཕེབས་ངང་འཚོ་སྡོད་ཐུབ་པ་ནི་ཉིན་མཚན་བལྟོས་མེད་ཀྱིས་ཁོང་ཚོ་སྲུང་སྐྱོང་བྱེད་མཁན་ཚོའི་དཀའ་སྤྱད་འབད་འཐབ་དང་ཁ་བྲལ་ཐབས་མེད། འདི་ལོ་ལོ་56ལ་སླེབས་པའི་སྲུང་སྐྱོང་ཁུལ་གྱི་ཞབས་ཞུ་ལྟེ་གནས་ཐའེ་ཕིང་སྲུང་སྐྱོང་ས་ཚིགས་སི་ཁྲོན་གྱི་སྤྲེལ་ཁྲ་ཞིབ་འཇུག་ལྟེ་གནས་ལྟ་ཞིབ་ཚད་ལེན་རུ་ཁག་གི་རུ་དཔོན་ཐང་ཡུས་ལིན་ནི་དེའི་ཁྲོད་ཀྱི་གྲས་ཤིག་རེད།
1963ལོར་སྲུང་སྐྱོང་ཁུལ་འཛུགས་སྐབས་ཐང་ཡུས་ལིན་གྱི་སྤོ་བོ་ཐང་གོ་ཧྲུན་ནི་ལས་དོན་པ་ཁག་དང་པོའི་གྲས་རེད། རྗེས་སུ་ཁོང་གི་ཕ་ཐང་ཏའེ་ཀུའེ་ཡང་སི་ཁྲོན་གྱི་སྤྲེལ་ཁྲ་སྲུང་སྐྱོང་རུ་ཁག་ནང་ཞུགས་ཡོད། ཆུང་དུས་ནས་སྤོ་བོ་དང་པཱ་ཕ་གཉིས་སྲུང་སྐྱོང་ཁུལ་དུ་རི་སྐོར་རྒྱག་པའི་ལས་ལ་གཞོལ་བཞིན་ཡོད་པ་ཤེས་མཁན་ཐང་ཡུས་ལིན་ནར་སོན་རྗེས་ཕ་མེས་ཚོའི་རྒྱུན་མཐུད་དེ་ལས་ཀ་དེའི་ནང་ཞུགས་རྒྱུའི་སེམས་ཐག་བཅད།
1990ལོར་ལོ་22ལ་སླེབས་པའི་ཐང་ཡུས་ལིན་འདོད་མོས་ལྟར་སྲུང་སྐྱོང་ཁུལ་གྱི་ནགས་སྲུང་པ་མི་རབས་གསུམ་པར་གྱུར། ལས་ཀར་ཞུགས་མ་ཐག་པའི་ལོ་བཅུ་ལྷག་ཙམ་རིང་སྲུང་སྐྱོང་ཁུལ་དུ་གློག་ཤར་གཏོང་ཐུབ་མེད་ལ་རི་ལམ་ཀྱག་ཀྱོག་ཡིན་པས་སྐོར་སྲུང་བྱེད་པར་དཀའ་ངལ་ཆེན་པོ་འཕྲད། ཉིན་ལྟར་ཐོ་རེངས་ཆུ་ཚོད་གསུམ་དང་ཕྱེད་ཀར་ཐང་ཡུས་ལིན་གྱིས་མལ་ལས་ལངས་ཏེ་ལྟོ་བཟོ་བ་དང་ཆུ་ཚོད་བཞི་པར་སྤྲེའུ་ཁྱུ་གཉིད་མ་བསད་གོང་རིར་བསྐྱོད་དེ་སི་ཁྲོན་གྱི་སྤྲེལ་ཁྲའི་འགུལ་ཚུལ་དང་འཚོ་བའི་གོམས་གཤིས་སོགས་ལ་ལྟ་ཞིབ་དང་ཐོ་འགོད་ཀྱི་ཡོད། སྐབས་དེ་དུས་ཐང་ཡུས་ལིན་ལོ་གཅིག་ནང་ཉིན་མཚན་200ཙམ་རི་ཐོག་ཏུ་སྐྱོད་པ་དང་ལམ་རྒྱགས་སྒལ་པར་འཁྱེར་དགོས་པས་སྐབས་རེ་དུས་ཐོག་ཏུ་རི་ནས་བབས་མ་ཐུབ་ཚེ་ཁོང་དང་ལས་རོགས་ཚོས་སྟབས་བདེའི་གུར་ཕུབ་སྟེ་རི་ཐོག་ཏུ་མཚན་མོ་སྐྱེལ་དགོས་ཀྱི་ཡོད། ཡུན་རིང་ལྟ་ཞིབ་གསོག་འཇོག་དང་དེ་བཞིན་ཆེད་ལས་ཤེས་བྱ་རང་སྦྱོང་བྱས་པ་བརྒྱུད། ཐང་ཡུས་ལིན་གྱིས་སྲུང་སྐྱོང་ཁུལ་གྱི་སྲོག་ཆགས་དང་རྩི་ཤིང་གི་ཁྱབ་ཚུལ་གསལ་པོ་ཤེས་རྟོགས་ཐུབ་ནས་སྲུང་སྐྱོང་ཁུལ་གྱི“ཡུལ་ལུགས་ཀྱི་རིགས་གཅིག་མཁས་ཅན”དུ་གྱུར་ནས། སྲུང་སྐྱོང་ཁུལ་དུ་ལས་ཀ་བྱེད་པར་ཡོང་བའི་ཚན་ཞིབ་མི་སྣར་རྒྱུན་དུ་རོགས་པ་བྱེད་ཀྱི་ཡོད།
ཉེ་བའི་ལོ་ཤས་རིང་སྲུང་སྐྱོང་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་ལེགས་སུ་བཏང་བས་ཐང་ཡུས་ལིན་གྱི་སྐོར་སྲུང་བྱེད་པའི་ལམ་དུ་སྔོན་ཆད་ལྟར་དཀའ་ཚེགས་ཆེན་པོ་མེད། སི་ཁྲོན་གྱི་སྤྲེལ་ཁྲ་དེ་དག་ཀྱང་མིའི་རིགས་དང་ཐག་ཉེ་ས་ནས་འབྲེལ་འདྲིས་ཐུབ་སྟེ། སི་ཁྲོན་གྱི་སྤྲེལ་ཁྲའི་རིགས་140ལྷག་ཙམ་ལ་རི་གཤམ་གྱི་ས་བབ་དམའ་བའི་ཁུལ་དུ་ཚན་ཞིབ་བྱེད་ཐུབ་པ་དང་རི་གཤམ་གྱི་ཆུ་བོ་དང་བར་ཐག་ཉེ་བའི་ས་ཁོངས་སུ་ཡུན་རིང་འཚོ་སྡོད་བྱེད་ཀྱི་ཡོད། མིག་སྔར། སྲུང་སྐྱོང་ཁུལ་དེ་རྒྱལ་ཡོངས་ཀྱི་སི་ཁྲོན་གྱི་སྤྲེལ་ཁྲ་འདུས་ཚད་མང་ཤོས་དང་སི་ཁྲོན་གྱི་སྤྲེལ་ཁྲ་མཐོང་སླ་ཤོས་ཀྱི་ས་ཁུལ་ཞིག་ཏུ་གྱུར་ཡོད།
ཐང་ཡུས་ལིན་གྱི་ཤུགས་རྐྱེན་འོག་2019ལོར་ཚ་བོ་ཐང་ཞའོ་ཀང་ཡང་སྲུང་སྐྱོང་ཁུལ་གྱི་ནགས་སྲུང་པའི་དཔུང་ཁག་ནང་ཞུགས་ནས། ནགས་སྲུང་མི་རབས་བཞི་པར་གྱུར་ཏེ་རི་སྔོན་ཆུ་དྭངས་དང་སི་ཁྲོན་གྱི་སྤྲེལ་ཁྲར་མུ་མཐུད་སྲུང་སྐྱོང་བྱེད་བཞིན་ཡོད།
ཐང་ཡུས་ལིན་གྱིས“སྤྲེའུ་ཡིས་ཤིང་སྡོང་ཐོག་ནས་ལོ་མ་ཟ་བ་དང་ངས་ཤིང་སྡོང་འོག་ཏུ་ཏན་ཞིམ་ཟ་གི་ཡོད། དེ་ལྟར་ང་ཚོའི་དབར་ཕན་ཚུན་བློས་འགེལ་ཐུབ་པ་བྱུང་ཡོད། སི་ཁྲོན་གྱི་སྤྲེལ་ཁྲ་ཐའེ་ཕིང་ལུང་ཤུར་དུ་འཚོ་གནས་ཡག་པོ་ཐུབ་པ་དེ་ངའི་ངོས་ནས་བརྗོད་ན་གཟི་བརྗིད་ཆེ་ཤོས་ཀྱི་བྱ་བ་ཞིག་ཡིན”ཞེས་བཤད།