དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལས་གནས་ལ་དགའ་ཞེན་གྱིས་དཀའ་ངལ་མཐའ་དག་ཁྱད་དུ་བསད།

    ཀྲུང་གོ་ལྕགས་ལམ་དངོས་ཟོག་ཚོགས་པ་ལྷོ་ནུབ་ཚད་ཡོད་ཀུང་སིའི་ལས་མི་ཧོང་མིང་ཡུང་གི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-10-25

    ད་ལོར་ལོ་33ལ་སླེབས་པའི་ཧོང་མིང་ཡུང་ནི་ཀྲུང་གོ་ལྕགས་ལམ་དངོས་ཟོག་ཚོགས་པ་ལྷོ་ནུབ་ཚད་ཡོད་ཀུང་སིའི་ལས་བཟོ་དཀྱུས་མ་ཞིག་རེད། 2022ལོར་ཧོང་མིང་ཡུང་གིས་རང་འགུལ་ངང་བོད་ཀྱི་ཡན་ལག་ཀུང་སིར་ལས་ཀ་བྱེད་པར་ཡོང་རྒྱུའི་རེ་འདུན་ཞུས།

    བོད་དུ་ལས་ཀ་བྱེད་རིང་། ཧོང་མིང་ཡུང་གིས་སྔ་རྗེས་སུ་བོད་ཀྱི་གཙོ་གནད་ལྕགས་ལམ་རྣམ་གྲངས་དང་བོད་ཀྱི་གཞུང་ལམ་རྣམ་གྲངས་ཀྱི་དངོས་ཟོག་མཁོ་སྤྲོད་འགན་ལེན་ལས་དོན་གྱི་འགན་འཁུར་ཡོད། ས་མཐོའི་ལྕགས་ལམ་རྣམ་གྲངས་ཐད་དཀའ་ཚེགས་ཆེ་བའི་རང་བྱུང་ཁོར་ཡུག་དང་། རྙོག་འཛིང་ཆེ་བའི་ས་གཤིས་ཆ་རྐྱེན། དཀའ་ཚད་ཆེ་བའི་ལག་རྩལ་གྱི་གནད་དོན་སོགས་ཀྱི་འགྲན་སློང་མང་པོ་འཕྲད་ཀྱི་ཡོད་ལ། དངོས་ཟོག་མཁོ་སྤྲོད་ཐད་དེ་བས་དཀའ་ངལ་མང་པོ་འཕྲད་ཡོད།

    དཀའ་ངལ་འཕྲད་དུས་ཧོང་མིང་ཡུང་གིས་ཞུམ་པ་དང་སྐྲག་སྣང་གཏན་ནས་བྱེད་ཀྱི་མེད། ཐེངས་ཤིག་ཧོང་མིང་ཡུང་ལ་ཐག་རིང་ལུང་ཁུག་གི་གྲོང་ཚོ་ཞིག་ཏུ་ལས་ཀ་བྱེད་པར་འགྲོ་དགོས་པའི་བརྡ་འབྱོར་ཡོད། རླངས་འཁོར་ཐོན་ནས་ཅུང་མ་སོང་བར་གྲོང་གསེབ་ལམ་དུ་སླེབས་ཤིང་། རི་ལམ་ཀྱག་ཀྱོག་དང་ལམ་ངོས་འབར་འབུར་གྱིས་ཁེངས་པས་ལམ་ཐག་རིང་པོ་མེད་པའི་སྤྱི་ལེ་200ལྷག་ཙམ་ལ་ཆུ་ཚོད་6ལྷག་ཙམ་འགྲོ་དགོས་བྱུང་། དུས་ཚོད་དམ་འཛིན་བྱ་ཆེད་ཁོང་གིས་ཉིན་དགུང་གི་ཁ་ལག་ཀྱང་ཟས་མེད། རྣམ་གྲངས་ས་ཚིགས་སུ་འབྱོར་སྐབས་ཕྱི་དྲོའི་ཆུ་ཚོད་གསུམ་པ་ཟིན། ཁོང་ཚོ་སྔ་དྲོ་ནས་རྣམ་གྲངས་ས་ཚིགས་སུ་བསྐྱོད་པ་ཤེས་རྗེས། རྣམ་གྲངས་མི་སྣས་ཧོང་མིང་ཡུང་དང་བཅས་པར་ཧང་སངས་པ་མ་ཟད། ཁོང་ཚོར་གཞོགས་འདེགས་ཧུར་ཐག་བྱས་ནས་བསྡུ་རུབ་ལས་དོན་སྒྲུབ་རོགས་བྱས།

    རྟོག་ཞིབ་སྦྲེལ་མཐུད་བྱས་རྗེས་ཧོང་མིང་ཡུང་གིས་འཕྲལ་དུ་ཁུལ་ཁོངས་ནང་ཁུལ་དང་དེ་བཞིན་ཉེ་འཁོར་ཞིང་ཆེན་གྱི་ཐོན་ཁུངས་བཟོ་གྲྭ་དང་འབྲེལ་གཏུག་བྱས་ནས་ཁོང་ཚོར་རྣམ་གྲངས་ཀྱི་རེ་ཞུ་དུས་ཐོག་ཏུ་བརྒྱུད་བསྒྲགས་བྱས། དུས་ཚོད་ནི་སྐད་ཅིག་གིས་བཞུད་ཅིང་ཡུད་ཙམ་ལ་དགོང་མོའི་ཆུ་ཚོད་9པ་ཟིན། ཧོང་མིང་ཡུང་དང་བཅས་པས་ཁ་ལག་སྟབས་བདེ་ཞིག་བཟས་རྗེས་ལམ་སེང་ཕྱིར་ལོག་པའི་ལམ་ལ་ཆས། ཧོང་མིང་ཡུང་གིས“ལམ་བར་དུ་རླངས་འཁོར་ནས་བབས་ཏེ་ནམ་མཁའི་སྐར་ཚོགས་ལ་ལྟ་སྐབས་དཀའ་སྡུག་ཚང་མ་བརྗེད་འགྲོ་ཡི་འདུག”ཅེས་སྐབས་དེའི་མྱོང་ཚོར་བརྗོད།

    ལས་དོན་ལ་ཟམ་མི་ཆད་པར་སྐུལ་འདེད་གཏོང་བ་དང་ཆབས་ཅིག་ལས་གྲྭའི་དངོས་ཟོག་རླངས་འཁོར་རེ་རེ་བཞིན་གཅིག་རྗེས་གཉིས་མཐུད་ངང་སླེབས་པ་མཐོང་སྐབས། ཧོང་མིང་ཡུང་གིས་རང་ཉིད་ཀྱིས་སྒྲུབ་བཞིན་པའི་ལས་དོན་དེ་ནི་དོན་སྙིང་ཆེན་པོ་ལྡན་པ་ཞིག་ཡིན་པར་ངོས་འཛིན་ཟབ་མོ་བྱུང་ཞིང་། ཁོང་གིས་བོད་ཀྱི་གཞུང་ལམ་རྣམ་གྲངས་ཀྱི་ཁག་གཉིས་པའི་དངོས་ཟོག་བསྡུ་རུབ་ལས་དོན་ལག་བསྟར་དོན་འཁྱོལ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བའི་ཡིད་ཆེས་སྔར་བས་བརྟན་དུ་ཕྱིན་ཏེ། ལས་ཀའི་ཐད་དམ་པ་དོན་གཉེར་དང་འབད་བརྩོན་ཧུར་ལེན་གྱིས་རང་ངོས་ཀྱི་ལས་སྒོའི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུར་སྔར་བས་བརྩོན་ལེན་བྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།