དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཞལ་འཛོམས་ཐེངས་བཅུ་དྲུག་པར་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-10-25

    ས་གནས་དེ་གའི་དུས་ཚོད་ཟླ་10ཚེས་23ཉིན་གྱི་སྔ་དྲོར། འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཞལ་འཛོམས་ཐེངས་བཅུ་དྲུག་པ་ཁ་ཧྲན་ཚོགས་འགྲེམས་ལྟེ་གནས་སུ་འཚོགས་ཤིང་། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཞལ་འཛོམས་གཙོ་སྐྱོང་གནང་བ་རེད། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་། པར་ཙིར་གྱི་ཙུང་ཐུང་ལུའུ་ལཱ(དྲ་ཐོག) ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཤིས། ཨེ་ཙེ་ཨོ་ཕི་ཡའི་ཙུང་ལི་ཨ་པི། རྒྱ་གར་གྱི་ཙུང་ལི་མོ་ཏི། དབྱི་རན་གྱི་ཙུང་ཐུང་ཕེ་ཙེ་ཤིས་ཆི་དབྱང་། ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལཱ་མཱ་ཕུའུ་ས། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་མུའུ་ཧན་མོ་ཏེ་སོགས་ཞལ་འཛོམས་ལ་ཞུགས་ཤིང་། འདི་ནི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བཞིན་པ།

    ས་གནས་དེ་གའི་དུས་ཚོད་ཟླ་10ཚེས་23ཉིན་གྱི་སྔ་དྲོར། འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཞལ་འཛོམས་ཐེངས་བཅུ་དྲུག་པ་ཁ་ཧྲན་ཚོགས་འགྲེམས་ལྟེ་གནས་སུ་འཚོགས་ཤིང་། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཞལ་འཛོམས་གཙོ་སྐྱོང་གནང་བ་རེད། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་། པར་ཙིར་གྱི་ཙུང་ཐུང་ལུའུ་ལཱ(དྲ་ཐོག) ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཤིས། ཨེ་ཙེ་ཨོ་ཕི་ཡའི་ཙུང་ལི་ཨ་པི། རྒྱ་གར་གྱི་ཙུང་ལི་མོ་ཏི། དབྱི་རན་གྱི་ཙུང་ཐུང་ཕེ་ཙེ་ཤིས་ཆི་དབྱང་། ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལཱ་མཱ་ཕུའུ་ས། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་མུའུ་ཧན་མོ་ཏེ་སོགས་ཞལ་འཛོམས་ལ་ཞུགས་ཤིང་། འདི་ནི་ཞལ་འཛོམས་རིང་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་ལྷན་བཞུགས་སྐུ་པར་བསྒྲོན་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་ཨུ་རུ་སུའི་གྲོང་ཁྱེར་ཁ་ཧྲན་ནས་ཟླ་10ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་10ཚེས་23ཉིན་གྱི་སྔ་དྲོར། འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཞལ་འཛོམས་ཐེངས་བཅུ་དྲུག་པ་ཁ་ཧྲན་ཚོགས་འགྲེམས་ལྟེ་གནས་སུ་འཚོགས་ཤིང་། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཞལ་འཛོམས་གཙོ་སྐྱོང་གནང་བ་རེད། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་། པར་ཙིར་གྱི་ཙུང་ཐུང་ལུའུ་ལཱ(དྲ་ཐོག) ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཤིས། ཨེ་ཙེ་ཨོ་ཕི་ཡའི་ཙུང་ལི་ཨ་པི། རྒྱ་གར་གྱི་ཙུང་ལི་མོ་ཏི། དབྱི་རན་གྱི་ཙུང་ཐུང་ཕེ་ཙེ་ཤིས་ཆི་དབྱང་། ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལཱ་མཱ་ཕུའུ་ས། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་མུའུ་ཧན་མོ་ཏེ་སོགས་ཞལ་འཛོམས་ལ་ཞུགས་ཡོད་པ་རེད།

    ཞི་ཅིན་ཕིང་དང་ཐོག་ཁྱབ་ཁོངས་ཆུང་བའི་གྲོས་ཚོགས་ལ་ཞུགས་པ་རེད།

    ཞི་ཅིན་ཕིང་གིས་ཁོངས་མི་གསར་པ་འབོ་གསེར་ཁྱིམ་ཚང་ཆེན་པོར་ཞུགས་པར་དགའ་བསུ་ཞུས་པ་དང་དེ་བཞིན་རྒྱལ་ཁབ་མང་པོ་ཞིག་འབོ་གསེར་རོགས་ཟླའི་རྒྱལ་ཁབ་ཏུ་གྱུར་པར་གདན་དྲངས་ཤིང་། ཞི་ཅིན་ཕིང་གིས་ཁོངས་མི་མང་དུ་བཏང་བ་ནི་འབོ་གསེར་འཕེལ་རྒྱས་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་རེད་ལ། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་འགྲོ་བའི་མཚོན་རྟགས་རང་བཞིན་གྱི་བྱ་བ་ཞིག་ཀྱང་རེད། འབོ་གསེར་རྒྱལ་ཁབ་མཉམ་དུ་འཛོམས་པ་ནི་ཐུན་མོང་གི་དོན་གཉེར་བྱེད་ས་རྨང་གཞིར་བྱས་ཏེ་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཀྱི་དུས་བབ་ཆེན་པོར་བསྟུན་པ་ཞིག་རེད། མིག་སྔར། འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་བྱུང་བཞིན་ཡོད་པར་སྣེ་མང་ཅན་གྱི་རྣམ་པ་གསར་པ་ཡོད་ལ། “འཇམ་འཐབ་གསར་པའི”ཉེན་ཁ་ཡང་ཡོད། འབོ་གསེར་རྒྱལ་ཁབ་ཀྱིས་ལོ་རྒྱུས་ཀྱི་གོ་སྐབས་སྟངས་འཛིན་དང་། ལོ་རྒྱུས་ཀྱི་རང་འགུལ་མངོན་པ། སྒོ་དབྱེ་བསྟུན་མཁས་དང་མཉམ་ལས་གཉིས་ཁེའི་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་པོར་སྲུང་བ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་འཕེལ་ཕྱོགས་ཆེན་པོར་བསྟུན་པ། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་མཐའ་འཁྱོངས། ཀུན་སེམས་གཅིག་སྒྲིལ། འབོ་གསེར་རྒྱལ་ཁབ་ཀྱི་ཐུན་མོང་རིན་ཐང་སྔར་བས་གཅིག་སྡུད། འབོ་གསེར་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་། འབོ་གསེར་རྒྱལ་ཁབ་ཀྱི་མཉམ་འབྲེལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་འབོ་གསེར་དེ་ཉིད་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་མཐུན་སྒྲིལ་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་གཙོ་བོ་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་རྩ་འགྱུར་ལ་སྐུལ་འདེད་གཏོང་བའི་གདོང་ལེན་སྟོབས་ཤུགས་སུ་འགྱུར་བར་བྱེད་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འཛམ་གླིང་ཟང་ཟིང་ཇི་ཙམ་ཆེ་ན། ང་ཚོས་དེ་ཙམ་གྱིས་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཁེ་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་འབོ་གསེར་གྱི་རང་གཤིས་ལ་ཞུན་བརྡར་ཐུབ་པ་དང་འབོ་གསེར་གྱི་སྟོབས་ཤུགས་མངོན་པར་བྱེད་དགོས། ཞི་བདེའི་འབོད་སྒྲ་སྒྲོག་པ་དང་གླེང་མོལ་བྱེད་པ་ལས་ཁ་གཏད་དུ་མི་ལངས་པ་དང་རོགས་ཟླ་བྱེད་པ་ལས་མནའ་འབྲེལ་མི་སྒྲིག་པའི་བདེ་འཇགས་གསར་པ་དར་སྤེལ་གཏོང་དགོས། ཐུན་མོང་ཐོག་འཕེལ་རྒྱས་ཀྱི་ལམ་བུ་དོན་གཉེར་བྱེད་པ་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་སྣེ་མང་ཅན་དར་སྤེལ་བཏང་ནས་ཐུན་མོང་འཕེལ་རྒྱས་ཀྱི་འགྲོ་ལམ་ཆེན་པོ་བརྟན་པོར་སྲུང་དགོས། མཉམ་ལས་ཀྱི་རྨང་གཞི་བརྟན་དུ་བཏང་ནས་ཞིང་ལས་དང་། ནུས་རྒྱུ། གཏེར་ཐོན། དཔལ་འབྱོར་ཚོང་དོན་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་གཏོང་བ་དང་། ལྗང་མདོག་ཐཱན་ཉུང་དང་མི་ཐབས་རིག་ནུས་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་བཏང་སྟེ་ཚོང་དོན་མ་འཇོག་དང་དངུལ་རྩའི་བདེ་འཇགས་སྲུང་སྐྱོང་བྱེད་དགོས།

    དེ་རྗེས། ཞི་ཅིན་ཕིང་ཁྱབ་ཁོངས་ཆེན་པོའི་ཚོགས་འདུར་ཞུགས་ནས་འབོ་གསེར་གྱི་འབྱུང་འགྱུར་འཕེལ་རྒྱས་ཐད་དགོངས་འཆར་གལ་ཆེན་བཏོན་གནང་བ་མ་ཟད། གྲོས་འགོ་ཁག་ལྔ་བཏོན་གནང་བ་རེད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མིག་སྔར་འཛམ་གླིང་འདི་ཉིད་གཡོ་འགུལ་དང་རྩ་འགྱུར་གྱི་དུས་མཚམས་གསར་པར་སླེབས་ཡོད་པས། འཛམ་གླིང་འདི་ཉིད་ཟང་ཟིང་དང་ཉེན་ཁའི་གནས་སུ་གྱར་དུ་འཇུག་གམ་ཡང་ན་ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱར་ལོག་བྱ་རྒྱུར་སྐུལ་འདེད་གཏོང་བའི་འགག་རྩའི་གདམ་ག་འཕྲད་ཡོད། དུས་རབས་ཀྱི་རྦ་རླབས་དྲག་པོ་ཇི་ཙམ་ཆེ་ན་ང་ཚོས་དེ་ཙམ་གྱིས་དཔའ་ངར་ཆེན་པོས་རླབས་གཤགས་མདུན་སྐྱོད་བྱེད་དགོས་ལ། དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་དང་། གཞན་གྱི་སྔོན་ལ་བྱེད་ཕོད་པའི་བློ་སྟོབས། འགྱུར་ལྡོག་ལ་ངོས་འཛིན་དང་འགྱུར་ལྡོག་ལ་བསྟུན་པའི་ཐབས་ཇུས་བཅས་ཀྱི་སྒོ་ནས་ཐུན་མོང་ཐོག“འབོ་གསེར་ཆེན་པོའི་མཉམ་ལས”ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་དགོས།

    —— ང་ཚོས“ཞི་བདེའི་འབོ་གསེར”བཏོད་ནས་ཐུན་མོང་བདེ་འཇགས་སྲུང་སྐྱོང་བྱེད་མཁན་ཞིག་བྱེད་དགོས། ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་ལག་བསྟར་བྱས་ཚེ། གཞི་ནས་སྤྱི་ཡོངས་བདེ་འཇགས་ཀྱི་ལམ་བུར་བསྐྱོད་ཐུབ། “གཡུལ་ས་ཕྱིར་རྒྱ་མི་སྐྱེད་པ་དང་། དམག་འཁྲུག་རྒྱ་ཆེར་མི་གཏོང་བ། ཕྱོགས་ཁག་དབར་དམག་འཁྲུག་མི་སློང་བ”བཅས་ཀྱི་རྩ་དོན་གསུམ་མཐའ་འཁྱོངས་བྱས་ཏེ་ཡུག་རེན་གྱི་ཉམས་ཉེན་དུས་བབ་མགྱོགས་མྱུར་ཞི་ལྷོད་དུ་འགྲོ་བར་སྐུལ་འདེད་གཏོང་དགོས་ལ། ཅ་ཧྲ་ས་ཁུལ་གྱི་དམག་མཚམས་གང་མགྱོགས་འཇོག་པར་སྐུལ་འདེད་བཏང་སྟེ་ཕ་ལེ་སི་ཐན་གྱི་གནད་དོན་ཕྱོགས་ཡོངས་དང་། དྲང་གཞག རྒྱུན་སྲིང་བཅས་ཀྱི་སྒོ་ནས་ཐག་གཅོད་ཡོང་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས།

    —— ང་ཚོས“གསར་གཏོད་ཀྱི་འབོ་གསེར”བཏོད་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྐྱོད་པ་ཞིག་བྱེད་དགོས། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་དུས་རབས་ཀྱི་གོམ་སྟབས་རྗེས་སུ་དམ་པོར་འབྲངས་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཉེ་ཆར་ཀྲུང་གོ་དང་འབོ་གསེར་རྒྱལ་ཁབ་ཀྱི་མི་ཐབས་རིག་ནུས་འཕེལ་རྒྱས་དང་མཉམ་ལས་ལྟེ་གནས་གསར་དུ་བཙུགས་པ་མ་ཟད། འབོ་གསེར་རྒྱལ་ཁབ་ཀྱི་མཚོ་གཏིང་ཐོན་ཁུངས་རྒྱལ་སྤྱིའི་ཞིབ་འཇུག་ལྟེ་གནས་དང་། འབོ་གསེར་རྒྱལ་ཁབ་ཀྱི་དམིགས་བསལ་དཔལ་འབྱོར་ཁུལ་གྱི་ཀྲུང་གོའི་མཉམ་ལས་ལྟེ་གནས། འབོ་གསེར་རྒྱལ་ཁབ་ཀྱི་བཟོ་ལས་ནུས་པའི་ཀྲུང་གོའི་ལྟེ་གནས། འབོ་གསེར་རྒྱལ་ཁབ་ཀྱི་གྲངས་འཛིན་ཐོན་ལས་ཀྱི་སྐྱེ་ཁམས་མཉམ་ལས་དྲ་བ་བཅས་འཛུགས་རྒྱུ་ཡིན་པས་ཕྱོགས་ཁག་ཧུར་ཐག་ཞུགས་པར་དགའ་བསུ་ཞུ་རྒྱུ་ཡིན།

    —— ང་ཚོས“ལྗང་མདོག་གི་འབོ་གསེར”བཏོད་ནས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ལག་ལེན་པ་ཞིག་བྱེད་དགོས། ཀྲུང་གོའི་གློག་སྒུལ་རླངས་འཁོར་དང་། ལིས་གློག་རྫས། འོད་ཤུགས་ཐོན་རྫས་སོགས་སྤུས་ལེགས་ཐོན་ནུས་ཀྱིས་འཛམ་གླིང་གི་ལྗང་མདོག་འཕེལ་རྒྱས་ལ་འདེགས་སྐྱོར་གལ་ཆེན་མཁོ་འདོན་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་འབོ་གསེར་རྒྱལ་ཁབ་དང་མཉམ་དུ་ལྗང་མདོག་ཐོན་ལས་དང་། དྭངས་གཙང་ནུས་རྒྱུ། ལྗང་མདོག་གཏེར་ཐོན་བཅས་ཀྱི་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ་དང་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི“ལྗང་མདོག་ཅན”གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། མཉམ་ལས་ཁྲོད“ལྗང་མདོག་འདུས་ཚད”ཕུན་སུམ་ཚོགས་སུ་གཏོང་བ་དང་འཕེལ་རྒྱས་ཁྲོད“རིན་ཐང་མངོན་ཚད”ཆེ་རུ་གཏོང་འདོད་ཡོད།

    —— ང་ཚོས“གཞུང་དྲང་གི་འབོ་གསེར”བཏོད་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་ལ་སྣེ་ཁྲིད་བྱེད་མཁན་ཞིག་བྱེད་དགོས། རྒྱལ་སྤྱིའི་སྟོབས་ཤུགས་ཀྱི་སྡུར་གྲངས་ལ་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད་རུང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་གི་སྒྱུར་བཅོས་ཡུན་རིང་རྗེས་སུ་ལུས་ཡོད། ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་བ་དང་། མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འདུ་ཤེས་མཐའ་འཁྱོངས། དྲང་གཞག་དྲང་བདེན་དང་སྒོ་དབྱེ་བསྟུན་མཁས་ཀྱི་འདུ་ཤེས་ཀྱིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྒྱུར་བཅོས་ལ་སྣེ་ཁྲིད་བཅས་བྱས་ཏེ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་དང་སྐད་ཆ་ཤོད་དབང་ཆེ་རུ་གཏོང་དགོས། དངུལ་རྩའི་རྨང་གཞིའི་སྒྲིག་བཀོད་མཉམ་སྦྲེལ་མཉམ་མཐུད་ལ་སྐུལ་འདེད་གཏོང་བ་དང་། ཆུ་ཚད་མཐོ་བའི་དངུལ་རྩའི་བདེ་འཇགས་སྲུང་སྐྱོང་། གསར་སྤེལ་དངུལ་ཁང་གསར་པ་རྒྱ་སྟོབས་ཆེ་རུ་གཏོང་བ་བཅས་བྱས་ཏེ་རྒྱལ་སྤྱིའི་དངུལ་རྩའི་མ་ལག་ལས་འཛམ་གླིང་གི་དཔལ་འབྱོར་གྲུབ་ཆའི་འགྱུར་ལྡོག་དེ་བས་ལེགས་པར་མངོན་པར་སྐུལ་འདེད་གཏོང་དགོས།

    —— ང་ཚོས“མི་ཆོས་རིག་གནས་ཀྱི་འབོ་གསེར”བཏོད་ནས་ཤེས་དཔལ་དང་ཞི་མཐུན་མཉམ་གནས་དར་སྤེལ་གཏོང་མཁན་ཞིག་བྱེད་དགོས། རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ་ཤེས་དཔལ་མི་འདྲ་བ་བསྟུན་མཁས་མཉམ་གནས་ཡོང་བར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་འབོ་གསེར་གྱི་གྲངས་འཛིན་སློབ་གསོའི་མཉམ་ལས་ཀྱི་གྲོས་འགོ་དོན་འཁྱོལ་བྱུང་བས། ཕྱིས་སུ་འབོ་གསེར་གྱི་གྲངས་འཛིན་སློབ་གསོའི་ནུས་པ་འཛུགས་སྐྱོང་གི་འཆར་གཞི་ལག་བསྟར་བྱས་ཏེ་འབྱུང་འགྱུར་ལོ་5ཡི་ནང་འབོ་གསེར་རྒྱལ་ཁབ་ཁྲོད་དུ་ཕྱི་རྒྱལ་གྱི་སློབ་སྦྱོང་ལྟེ་གནས་10བཙུགས་ནས་སློབ་གསོའི་དོ་དམ་མི་སྣ་དང་དགེ་སློབ་1000ལ་གསོ་སྦྱོང་གི་གོ་སྐབས་མཁོ་འདོན་བྱ་རྒྱུ་ཡིན།

    མཇུག་ཏུ། ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ཕྱོགས་ཀྱིས་འབོ་གསེར་རྒྱལ་ཁབ་ཁག་དང་མཉམ་དུ“འབོ་གསེར་ཆེན་པོའི་མཉམ་ལས”ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་དེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད།

    ཚོགས་ཞུགས་འགོ་ཁྲིད་པ་ཚོས“ཕྱོགས་མང་རིང་ལུགས་ལ་ཤུགས་སྣོན་བརྒྱབ་ནས་དྲང་གཞག་གི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་དང་བདེ་འཇགས་ལ་སྐུལ་འདེད་གཏོང་དགོས”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་འབོ་གསེར་མཉམ་ལས་དང་དེ་བཞིན་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱིའི་གནད་དོན་གལ་ཆེན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་བ་རེད།

    འགོ་ཁྲིད་པ་ཚོས་འབོ་གསེར་རྒྱལ་ཁབ་ཀྱི་ལམ་སྲོལ་འཕེལ་རྒྱས་དང་དེས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པའི་ཐད་བཏོན་པའི་ནུས་པ་གལ་ཆེན་ལ་གདེང་འཇོག་ལེགས་པོ་གནང་བ་མ་ཟད། འབོ་གསེར་རྒྱལ་ཁབ་ལ་མི་འབོར་མང་བ་དང་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེ་བ། འབོད་སྐུལ་གྱི་ནུས་པ་དང་རྒྱལ་སྤྱིར་ཤུགས་རྐྱེན་ཐེབས་ཤུགས་ཉིན་བཞིན་ཆེ་རུ་འགྲོ་བཞིན་ཡོད་པས་ཕྱོགས་མང་རིང་ལུགས་ཀྱི་མིག་དཔེར་གྱུར་པའི་ངོས་འཛིན་གནང་ཡོད། འབོ་གསེར་རྒྱལ་ཁབ་ཀྱིས་འབོ་གསེར་གྱི་སྙིང་སྟོབས་རྒྱུན་འཁྱོངས་ཀྱིས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། “འབོ་གསེར་ཆེན་པོའི”འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་བ། ཆབ་སྲིད་བདེ་འཇགས་དང་། དཔལ་འབྱོར་ཚོང་དོན་མ་དངུལ། མི་ཆོས་རིག་གནས་སྤེལ་རེས་བཅས་ཀྱི“མཉམ་འགུལ་གསུམ”གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་། ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཅན། འཛམ་གླིང་གི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་སྐད་ཆ་ཤོད་དབང་དང་མཚོན་བྱེད་རང་བཞིན་སྔར་བས་ཆེ་རུ་གཏོང་བ་བཅས་བྱས་ནས་དེ་བས་དྲང་གཞག་དང་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་ལམ་འཛུགས་པར་སྐུལ་འདེད་གཏོང་དགོས། བློ་བརྟན་འགྱུར་མེད་ངང་ཕྱོགས་མང་རིང་ལུགས་སྲུང་སྐྱོང་དང་། རྒྱལ་སྤྱིའི་མ་ལག་ཁྲོད་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲོག་ཤིང་ནུས་པ་སྲུང་སྐྱོང་བྱས་ཏེ་མི་ཐབས་རིག་ནུས་སོགས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཁྲོད་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ནུས་པ་གལ་ཆེན་འདོན་པར་རྒྱབ་སྐྱོར་བྱེད་དགོས། གླེང་མོལ་དང་གྲོས་མོལ་གྱི་ཞི་བདེའི་ཐབས་ལམ་ནས་རྩོད་གཞི་ཐག་གཅོད་བྱེད་པར་གཞོལ་ཏེ་ཉམས་ཉེན་ཞི་བས་ཐག་གཅོད་བྱ་རྒྱུར་ཕན་པའི་འབད་བརྩོན་མཐའ་དག་ལ་རྒྱབ་སྐྱོར་བྱེད་པ་དང་རྒྱལ་ཁབ་ཁག་གི་ལུགས་མཐུན་གྱི་བདེ་འཇགས་དོ་ཁུར་ལ་བརྩི་འཇོག་བྱེད་དགོས། ད་ཡོད་ཀྱི་རྒྱལ་སྤྱིའི་དཔལ་འབྱོར་དངུལ་རྩའི་སྒྲོམ་གཞིའི་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་གསར་སྤེལ་དངུལ་ཁང་གསར་པ་དུས་རབས་21གི་ཕྱོགས་མང་གསར་སྤེལ་དངུལ་ཁང་གསར་པར་འགྱུར་བར་བྱེད་དགོས་པ་བཅས་ཀྱི་ངོས་འཛིན་གནང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི“ཤེས་དཔལ་གླེང་མོལ་གྱི་རྒྱལ་སྤྱིའི་ཉིན་མོའི”འབྲེལ་ཡོད་གྲོས་ཆོད་ལ་གྲོས་འཆམ་བྱུང་བར་བསྔགས་བརྗོད་བྱས་པ་དང་། འཛམ་གླིང་གི་ཤེས་དཔལ་སྣ་མང་རང་བཞིན་ལ་བརྩི་འཇོག་བྱས་ནས་ཤེས་དཔལ་མི་འདྲ་བའི་དབར་སྤེལ་རེས་དང་དཔྱད་གཞིར་འཛིན་པར་ཤུགས་སྣོན་རྒྱག་དགོས་པའི་རེ་འབོད་བྱས་པ་རེད།

    ཞལ་འཛོམས་ཐོག《འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཞལ་འཛོམས་ཐེངས་བཅུ་དྲུག་པའི་ཁ་ཧྲན་བསྒྲགས་གཏམ》སྤེལ་ནས་འབོ་གསེར་རོགས་ཟླའི་རྒྱལ་ཁབ་འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

    ཞལ་འཛོམས་གནང་རིང་། འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་ད་དུང་གསར་སྤེལ་དངུལ་ཁང་གསར་པའི་ཧང་ཀྲང་ལུའོ་སའེ་ཧྥུའུ་སོགས་འབོ་གསེར་སྒྲིག་སྲོལ་གྱི་འགན་འཁུར་བའི་ལས་ཀའི་སྙན་སེང་གསན་པ་དང་འབྲེལ་ལྷན་བཞུགས་སྐུ་པར་ཡང་བསྐྱོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།