དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • སྲོལ་རྒྱུན་དང་དེང་རབས་ཀྱི་ལག་རྩལ་ཟུང་འབྲེལ་གྱིས་ཐང་གའི་འབྱུང་འགྱུར་གསར་པ་གཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-10-24

    WechatIMG22.jpg

    འབར་ཁམས་ཁོ་འཕན་སྲང་ལམ་དེ་སོ་མང་གཙང་པོའི་ལྷོ་ངོགས་ཀྱི་འབར་ཁམས་གྲོང་ཁྱེར་རྫོང་འགག་གྲོང་རྡལ་གྱི་རི་ངོས་སུ་གནས་ཤིང་། ས་གནས་དེ་གའི་སྐད་གྲགས་ཆེ་ཤོས་ཀྱི་སྐྲུན་དངོས་ནི་རྫོང་འགག་མཁར་རྫོང་ཡིན་པ་དང་། ད་བར་ལོ་ངོ་800ཙམ་གྱི་ལོ་རྒྱུས་ལྡན་ཡོད། 

    ཁོ་འཕན་སྲང་ལམ་དུ་དམངས་སྲོལ་གནས་ཚང་དང་། ཀོག་ཧྥེ་ཁང་། ཨར་ཁང་། ཡུལ་སྐོར་པར་ལེན་ཁང་སོགས་དེང་རབས་ཀྱི་ཞབས་ཞུའི་ལས་རིགས་མང་བ་མ་ཟད། ད་དུང་སྲོལ་རྒྱུན་གྱི་རིག་གནས་ཐང་ག་ཚོང་ཁང་ཞིག་ཀྱང་ཡོད་པ་སྟེ། རྒྱལ་མོ་ཚ་བ་རོང་ཐང་གའི་སྒྱུ་རྩལ་སྤེལ་རེས་ཞབས་ཞུ་ལྟེ་གནས་རེད།

    ཐང་ག་ནི་ཀྲུང་ཧྭ་མི་རིགས་ཀྱི་རྩ་ཆེའི་མངོན་མིན་རིག་གནས་ཤུལ་བཞག་ཅིག་ཡིན། ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་རྣམ་པར་བརྟེན་ནས་ལྗོངས་ཕྱི་ནང་གི་ཡུལ་སྐོར་བ་རྣམས་ལ་བོད་མི་རིགས་ཀྱི་ཁྱད་དུ་འཕགས་པའི་སྒྱུར་རྩལ་བརྒྱུད་སྤྲོད་བྱེད་བཞིན་ཡོད། 

    ཐང་གའི་སྒྱུ་རྩལ་དམངས་ཀྱི་འཚོ་བའི་ཁྲོད་སྔར་བས་ཁྱབ་ཆེད། རྒྱལ་མོ་ཚ་བ་རོང་ཐང་གའི་སྒྱུ་རྩལ་སྤེལ་རེས་ཞབས་ཞུ་ལྟེ་གནས་ཀྱིས་ཐང་ག་བཞེངས་སྟངས་གསོ་སྦྱོང་བྱས་ཤིང་། ཐང་ག་དང་། མཛེས་རྩལ་བརྩམས་ཆོས། བཟོ་རྩལ་ཐོན་རྫས་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་ཏེ་མི་དེ་བས་མང་བས་ཐང་གར་རྒྱུན་ལོན་དང་། རོལ་མྱོང་། དགའ་པོ་བཅས་བྱས་ནས་སྲོལ་རྒྱུན་རིག་གནས་དུས་རབས་གསར་པའི་ཁྲོད་དེ་བས་བཀྲ་མདངས་འཚེར་བ་བྱས་ཡོད། 

    ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་མོ་ཚ་བ་རོང་ཐང་གའི་སྒྱུ་རྩལ་སྤེལ་རེས་ཞབས་ཞུ་ལྟེ་གནས་ཀྱིས་རྔ་པ་ཀྲོའུ་ལས་རིགས་སློབ་གླིང་དང་མཉམ་དུ་སློབ་ཞིབ་བྱེད་སྒོ་སྤེལ་བ་མ་ཟད། ཐང་གའི་སྒྱུ་རྩལ་རིག་གནས་ཉམས་ལེན་བྱེད་སྒོ་སྤེལ་ནས་རང་ངོ་མས་ཐང་ག་བཞེངས་པའི་རྒྱུད་རིམ་ཉམས་སུ་ལེན་དུ་བཅུག་སྟེ། ཐང་གའི་རིག་གནས་རྒྱུས་ལོན་གཏིང་ཟབ་ཐུབ་པ་བྱས་ཡོད།

    WechatIMG24.jpg

    རྒྱལ་མོ་ཚ་བ་རོང་ཐང་གའི་སྒྱུ་རྩལ་སྤེལ་རེས་ཞབས་ཞུ་ལྟེ་གནས་ཀྱི་འགན་ཁུར་བ་རིག་པའི་རྡོ་རྗེ་ནི་རྔ་པ་ཀྲོའུ་རིམ་པའི་ཐང་གའི་རྒྱུན་འཛིན་པ་ཞིག་ཡིན་ཁར། རྔ་པ་ཀྲོའུ་བཟོ་རྩལ་མཛེས་རྩལ་པ་ཐོབ་མཁན་ཞིག་ཀྱང་ཡིན་པས། ཁོང་གི་ཕྱག་སོར་ལས་འཁྲུངས་པའི་ཐང་གའི་བརྩམས་ཆོས་ལ་དགའ་བསུ་ཆེན་པོ་ཐོབ་ཡོད་པ་རེད།  

    ལྷ་འབྲི་ཆེ་མོ་བ་རིག་པའི་རྡོ་རྗེས“སྲོལ་རྒྱུན་ཐང་ག་བཞེངས་སྟངས་ཀྱི་རྩ་བའི་རྨང་གཞིའི་ཐོག་དེང་རབས་ཀྱི་སྒྱུ་རྩལ་མཉམ་འདྲེས་བྱས་ཏེ། ཐང་གའི་སྒྱུ་རྩལ་གྱི་འབྱུང་འགྱུར་གསར་པ་ཞིག་གཏོད་རྒྱུ་ཡིན”ཞེས་བརྗོད་བྱུང་། 

    གསར་འགོད་པ།  ཕུར་བུ་ཚེ་རིང་། བློ་བསྟན། ཚེ་ཁོ། ཕན་ཐོགས། ཚེ་རྡོར། ཉི་མ་ཚེ་རིང་།   

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།