དངུལ་བུན་ཁྲོམ་རའི་འབོད་གོང་སྐྱེད་ཀ་གཞི་གནས་25ཆག་པ།
དངུལ་བུན་གཡར་མཁན་གྱི་སྐྱེད་ཀའི་ཁུར་པོ་ཡང་དུ་གཏོང་བ་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད་པ།
ཚེས་21ཉིན། ཀྲུང་གོ་མི་དམངས་དངུལ་ཁང་གིས་རྒྱལ་ཡོངས་དངུལ་ཁང་ཁག་དབར་ལ་དབང་ཆ་སྤྲད་པའི་ལས་རིགས་གཅིག་པའི་ཞག་བསྐྱིས་ལྟེ་གནས་ཀྱིས་ཁྱབ་བསྒྲགས་བྱས་པར། 2024ལོའི་ཟླ་10པའི་དངུལ་བུན་ཁྲོམ་རའི་འབོད་གོང་སྐྱེད་ཚད(LPR)དེ། དུས་ཡུན་ལོ་གཅིག་གི་LPRནི་3.1%དང་། དུས་ཡུན་ལོ་5ཡན་གྱི་LPRནི་3.6%ཡིན། དེ་གཉིས་ཟླ་བ་གོང་མ་དང་བསྡུར་ན་གཞི་གནས་25ཆག་ཡོད་པ་རེད།
“ཟླ་བ་འདིའི་ལོ་གཅིག་དང་ལོ་ལྔ་ཡན་གྱི་LPRསོ་སོར་གཞི་གནས་25ཆག་པ་དེ་ནི་འདི་ལོ་ནས་བཟུང་LPRཆག་ཐེངས་གསུམ་པ་ཡིན་ལ། 2019ལོའི་ཟླ་8པར་LPRགྲུབ་པའི་ལམ་སྲོལ་ལ་སྒྱུར་བཅོས་བྱས་ཚུན་ཆག་ཚད་མཐོ་ཤོས་ཤིག་ཀྱང་ཡིན་པ་དང་། སྤྱིར་ན་སྔོན་དཔག་དང་མཐུན་ཡོད” ཚོང་འགུག་དངུལ་ཁང་དང་ལན་ཐུང་དངུལ་རྩའི་དབུ་བཞུགས་ཞིབ་འཇུག་པ་ཏུང་ཤིས་མིའོ་ཡིས། LPRཆག་རྗེས་ཁེ་ལས་དང་མི་སྒེར་གྱི་དངུལ་བུན་གྱི་སྐྱེད་ཀ་སྔར་བས་ཆག་རྒྱུར་སྐུལ་མ་ཐེབས་རྒྱུ་ཡིན་པ་དེས་གཉེར་སྐྱོང་བྱེད་པོའི་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་དམའ་རུ་འགྲོ་བ་དང་། ནུས་ལྡན་གྱི་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོ་ཆེ་རུ་གཏོང་བ། ས་ཁང་དངུལ་བུན་གཡར་མཁན་གྱི་སྐྱེད་ཀའི་ཁུར་པོ་ཡང་དུ་དང་འཛད་སྤྱོད་ལ་སྐུལ་མ་གཏོང་བ་བཅས་ལ་ཕན་ཐོགས་ཡོད་པའི་ངོས་འཛིན་བྱས་པ་རེད།