དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་སེར་སློབ་ཆེན་གྱི་སློབ་སྤྱིའི་ཚོགས་འདུ་སེར་པི་ཡར་འཚོགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-10-24

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པེར་ཀེ་ལའེ་ཏེ་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཉེ་ཆར། ཀྲུང་གོ་དང་སེར་པི་ཡའི་སློབ་ཆེན་གྱི་སློབ་སྤྱིའི་ཚོགས་འདུ་སེར་པི་ཡའི་རྒྱལ་ས་པེར་ཀེ་ལའེ་ཏེར་འཚོགས་ཤིང་། ཀྲུང་གོ་དང་སེར་པི་ཡ་རྒྱལ་ཁབ་གཉིས་ཀྱི་སློབ་ཆེན་གྱི་སློབ་སྤྱིའི་འཐུས་མི་80ཙམ་ཚོགས་འདུར་ཞུགས་ནས་ཚན་ཞིབ་མཉམ་ལས་དང་དགེ་སློབ་ཕན་ཚུན་འགྲོ་འོང་སོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས་བགྲོ་གླེང་བྱས་པ་རེད།

    ད་ཐེངས་ཀྱི་ཚོགས་འདུ་དེ་ཀྲུང་གོ་སློབ་གསོ་རྒྱལ་སྤྱིའི་སྤེལ་རེས་མཐུན་ཚོགས་དང་པེར་ཀེ་ལའེ་ཏེ“རྒྱུད་གཅིག་ལམ་གཅིག”ཞིབ་འཇུག་ཁང་གིས་མཉམ་དུ་གཉེར་བ་དང་། ཀྲུང་གོ་ཕྱོགས་ཀྱི་ཚོགས་ཞུགས་འཐུས་མི་དག་མཐོ་སློབ་29ནས་ཡོང་བ་རེད། སེར་པི་ཡར་སྡོད་རིང་། ཀྲུང་གོ་ཕྱོགས་ཀྱི་འཐུས་མི་ཚོགས་པས་པེར་ཀེ་ལའེ་ཏེ“རྒྱུད་གཅིག་ལམ་གཅིག”ཞིབ་འཇུག་ཁང་དང་ཉི་ཧྲེན་སློབ་ཆེན་ལ་འཚམས་འདྲི་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།