དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ནུས་རྒྱུ་གཙང་མས་ལྗང་མདོག་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-10-24

    བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་དུ་གནས་པའི་ཀྲུང་གོ་ཉིང་རྡུལ་བཟོ་ལས་ཚོགས་པའི་ས་སྐྱའི་ཀྲའོ་ཝ་300ཡི་རླུང་འོད་གསོག་ཉར་གཞི་གཅིག་ཅན་གྱི་གློག་ཁང་དེ་ཉིད་ཛ་དྲག་ཆེ་བའི་མཐའ་མའི་སྙོམས་སྒྲིག་ཚོད་ལྟའི་དུས་མཚམས་སུ་སླེབས་པ་དང་། སྔོན་དཔག་བྱས་ན་ཟླ་འདིའི་ཟླ་མཇུག་ཏུ་དྲ་སྦྲེལ་འཁོར་སྐྱོད་ཐུབ་རྒྱུ་རེད།

    འཆར་འགོད་ཇུས་འགོད་གཞིར་བཟུང་། རྣམ་གྲངས་བསྐྲུན་རྗེས་ལོ་རེར་གློག་གཏོང་ཚད་ཏུའུ་དུང་ཕྱུར་5.5ཙམ་ཟིན་རེ་ཡོད་པ་དེས་ལོ་ལྟར་ཚད་ལྡན་རྡོ་སོལ་ཏུན་ཁྲི་16.42གྲོན་ཆུང་ཐུབ་པ་དང་། དབྱང་གཉིས་མུ་ཟི་འབུད་ཚད་ཏུན་ཁྲི་45.34དང་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་45.01ཙམ་ཉུང་དུ་ཕྱིན་པ་དང་ཧ་ལམ་མཚུངས་པས། ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་མ་ནུས་ལྡན་ཐེབས་རྒྱུ་རེད།

    འདི་ནི་ཟླ་10ཚེས་17ཉིན་པར་བླངས་པའི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་དུ་གནས་པའི་རླུང་གློག་འཕྲུལ་ཚན་ཡིན་པ།

    འདི་ནི་ཟླ་10ཚེས་17ཉིན་གློག་ཁང་གི་སྤྱི་ཁྱབ་ཚོད་འཛིན་ཁང་གི་ལས་རེས་མི་སྣས་ལས་ཀ་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།