《གོ་བདེ་དོན་ཟབ་ཀྱི་གསུང་། ཞི་ཅིན་ཕིང་གིས་མཉེས་པོ་གནང་བའི་གཏམ་རྒྱུད》ལེའུ་གསུམ་པ(ཨུ་རུ་སུའི་སྐད་ཡིག་གི་དཔར་མ)ཨུ་རུ་སུའི་གཙོ་རྒྱུན་སྨྱན་སྦྱོར་དུ་གཏོང་སྤེལ་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་ཨུ་རུ་སུའི་གྲོང་ཁྱེར་ཁ་ཧྲན་ནས་ཟླ་10ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་10ཚེས་22ཉིན། ཀྲུང་གོ་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་བཟོས་པའི《གོ་བདེ་དོན་ཟབ་ཀྱི་གསུང་། ཞི་ཅིན་ཕིང་གིས་མཉེས་པོ་གནང་བའི་གཏམ་རྒྱུད》ལེའུ་གསུམ་པ(ཨུ་རུ་སུའི་སྐད་ཡིག་གི་དཔར་མ)གཏོང་སྤེལ་མཛད་སྒོ་ཨུ་རུ་སུའི་ཁ་ཧྲན་དུ་གཉེར་ཞིང་། ཨུ་རུ་སུའི་སྲིད་ཕྱོགས་ལས་རིགས་དང་། སྨྱན་སྦྱོར་ལས་རིགས། སློབ་གསོའི་ལས་རིགས་སོགས་ཀྱི་མི་སྣ་གྲགས་ཅན་ཚུད་པའི་མི་300ལྷག་ཙམ་བྱེད་སྒོར་ཞུགས་ཡོད་པ་རེད། ལེ་ཚན་དེ་ཚེས་22ཉིན་ནས་བཟུང་ཨུ་རུ་སུའི་ཨུ་རུ་སུ་ཡོངས་ཀྱི་རྒྱལ་ཁབ་བརྙན་འཕྲིན་རླུང་འཕྲིན་ཀུང་སི་དང་། 《ཨུ་རུ་སུ་ཚགས་པར》གྱི་དྲ་ཚིགས། ཨུ་རུ་སུ་ཨེ་ཤེ་ཡ་ཆེ་མོའི་བརྙན་འཕྲིན་ལས་ཁུངས་སོགས་ཀྱི་ལས་སྟེགས་མང་པོ་ནས་གཏོང་སྤེལ་བྱ་རྒྱུ་རེད།
《གོ་བདེ་དོན་ཟབ་ཀྱི་གསུང་། ཞི་ཅིན་ཕིང་གིས་མཉེས་པོ་གནང་བའི་གཏམ་རྒྱུད》ལེའུ་གསུམ་པ(ཨུ་རུ་སུའི་སྐད་ཡིག་གི་དཔར་མའི)ནང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། རྩོམ་ཡིག གཏམ་བཤད་ཁྲོད་དྲངས་གནང་བའི་ཀྲུང་གོའི་གནའ་དཔེ་དང་ལེགས་བཤད་གདམ་ག་ཞིབ་ཚགས་དང་། མི་དམངས་གོང་དུ་བཀུར་བ་དང་། སྒྱུར་བཅོས་གསར་གཏོད། ཐུན་མོང་འབྱོར་ཕྱུག སྐྱེ་ཁམས་སྲུང་སྐྱོང་། རིག་གནས་རྒྱུན་འཛིན། ཤེས་དཔལ་སྣ་མང་ཅན་སོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཁྱད་དུ་འཕགས་པའི་ཆབ་སྲིད་ཀྱི་འདུ་ཤེས་དང་། གཏིང་ཟབ་པའི་མི་ཆོས་རིག་གནས་ཀྱི་བརྩེ་བ། དེ་བཞིན་མཁྱེན་དཔྱོད་ཡངས་པའི་ལོ་རྒྱུས་ཀྱི་ལྟ་བ་དང་འཇིག་རྟེན་གྱི་ལྟ་བ་བཅས་ངོ་མཚར་ཆེན་པོས་མངོན་ཏེ་ལྟ་ཉན་བྱེད་མཁན་ཚོར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རིག་གནས་ཀྱི་རྨང་གཞི་བསྟན་ཡོད།