དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་གི

    ཏང་ཡོན་ལས་བྱེད་པས་རུལ་རྒོལ་གཙང་སྤེལ་གྱི་ཉེན་བརྡའི་སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-23

    འདི་ནི་གྲོ་མོ་རྫོང་གི་ཏང་ཡོན་ལས་བྱེད་པས་འགྲེལ་བཤད་ལ་ཉན་བཞིན་པ།

    ཉེ་ཆར་གྲོ་མོ་རྫོང་གིས་འབྲེལ་ཡོད་ཚན་པའི་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་གཞིས་རྩེ་གྲོང་ཁྱེར་གྱི་རུལ་རྒོལ་གཙང་སྤེལ་གྱི་ཉེན་བརྡའི་སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱེད་པར་བསྐྱོད་པ་རེད།

    ཏང་ཡོན་ལས་བྱེད་པས་འགྲེལ་བཤད་པའི་སྣེ་ཁྲིད་འོག“རུལ་རྒོལ་གཙང་སྤེལ་ཚར་དུས་མེད”དང་། “སྤྱོད་གཙང་སྒྲིག་ནན་ལྷུག་ཏུ་མི་གཏོང” “མཐོ་གནོན་གྱི་ཆད་གཅོད་བསླབ་འདོམས་བྱེད་ཤུགས་ཆུང་དུ་མི་གཏོང་བ” “ཆུ་མ་ཤོར་གོང་ནས་རགས་རྒྱག་པ”སོགས་ཀྱི་འགྲེམས་སྟོན་སྡེ་ཚན་ལ་རིམ་བཞིན་ལྟ་སྐོར་བྱས་པ་དང་། སྡེ་ཚན་རེར་སླེབས་རིམ་བཞིན་ཚང་མས་འགྲེལ་བཤད་ལ་ནན་ཏན་ངང་ཉན་པ་རེད། ལྡོག་ཕྱོགས་ཀྱི་གྱོད་དཔེ་རེ་རེ་དང་། མི་སེམས་འགུལ་བའི་པར་རིས་རེ་རེ། བསམ་གཞིག་ཟབ་མོ་བྱེད་དགོས་པའི་སྲིད་གཙང་སྐོར་གྱི་ཉེན་བརྡའི་ཚིག་རེ་རེ། ཕྱིས་དྲགས་པའི་འགྱོད་བཤགས་རེ་རེ་སོགས་ལས་ལྟ་སྐོར་བྱེད་མཁན་ཚོར་སྒྲིག་འགལ་ཁྲིམས་འགལ་དང་ལྐོག་ཟ་ལྐོག་རྔན་བླངས་པ་ལས་མི་སྒེར་དང་ཁྱིམ་ཚང་ལ་གནོད་འཚེ་ཧ་ཅང་ཆེན་པོ་བཟོས་པར་ངོས་འཛིན་གཏིང་ཟབ་བྱུང་བ་དང་། ཡང་དག་པའི་དབང་ཆའི་ལྟ་བ་དང་། སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ། བྱ་གཞག་གི་ལྟ་བ་བཅས་འཛུགས་རྒྱུའི་གལ་ཆེའི་རང་བཞིན་དངོས་སུ་ཚོར་ཡོད། ཚང་མས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་འགག་རྩར་བཟུང་སྟེ། རང་འཁྲིའི་ལས་ཀ་ཏན་ཏིག་གིས་ལེགས་པོར་སྒྲུབ་པ་དང་། སེམས་རྣལ་དུ་ཕབ་པ་དང་བརྩེ་བ་དངོས་བཅངས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བ། སྤྱོད་གཙང་རང་གཅུན་གྱི་ཀུན་སྤྱོད་ཀྱི་རང་རྟོགས་ཆེ་རུ་གཏོང་བ། སྒྲིག་བཀུར་ཁྲིམས་སྲུང་དང་རང་གཅུན་ནན་པོ་བྱེད་པར་སྣེ་ཁྲིད་པ། ཐོག་མཐའ་བར་གསུམ་དུ་རང་ཚུགས་ཟིན་པ་དང་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཏང་གི་སྒྲིག་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ནན་པོ་ཞུ་བརམིག་དཔེ་འདོན་པ་དང་ཚད་ཤིང་ལྟ་བུ་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

    ལྟ་སྐོར་མཇུག་འགྲིལ་རྗེས། ཏང་ཡོན་ཡོངས་ཀྱིས་ཏང་དར་གྱི་མདུན་དུ་ཞུམ་མེད་དཔའ་ངར་རྒྱས་པའི་ཏང་ཞུགས་དམ་བཅའ་བསྐྱར་དུ་བཞག་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།