དབུ་ཤོག>གསར་འགྱུར།>དམངས་འཚོ།
  • མཚོ་ཆེན་རྫོང་ཟླ་གཞུང་ཤང་ཚེར་བཀྲ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས།

    མང་ཚོགས་ལ་སྟོན་དུས་སྐྱས་སྤོས་ཀྱི་འགྲོ་ལམ་ཉམས་བཟོ་བྱེད་རོགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-23

    འདི་ནི་མཚོ་ཆེན་རྫོང་ཟླ་གཞུང་ཤང་ཚེར་བཀྲ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་མང་ཚོགས་ལ་སྟོན་དུས་སྐྱས་སྤོས་ཀྱི་འགྲོ་ལམ་ཉམས་བཟོ་བྱེད་བཞིན་པ།

    ཉེ་དུས། ཆར་པ་བསྟུད་མར་བབས་ནས་འབྲོག་པ་ཚོའི་སྟོན་དུས་སྐྱས་སྤོས་ཀྱི་འགྲོ་ལམ་ཆུས་ཁྱེར་ནས་སྐྱོད་དཀའ་བར་གྱུར། མང་ཚོགས་ཀྱི་དཀའ་ངལ་དངོས་ཐག་གཅོད་ཏན་ཏིག་བྱ་ཆེད། མཚོ་ཆེན་རྫོང་ཟླ་གཞུང་ཤང་ཚེར་བཀྲ་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གིས་རྫོང་འགྲིམ་འགྲུལ་ཅུས་སོགས་འབྲེལ་ཡོད་སྡེ་ཚན་དང་ཕྱོགས་ཁག་གི་ཐོན་ཁུངས་མཐུན་སྦྱོར་ཧུར་ཐག་བྱས་ཏེ་མ་དངུལ་གྱི་རྒྱབ་སྐྱོར་དང་དངོས་ཟོག་འགན་སྲུང་བརྩོན་ལེན་བྱས་ཏེ། མང་ཚོགས་ལ་དུས་ཐོག་ཏུ་སྟོན་དུས་སྐྱས་སྤོས་ཀྱི་འགྲོ་ལམ་ཉམས་བཟོ་བྱེད་རོགས་བྱས་ཡོད།

    འགྲོ་ལམ་ཉམས་བཟོ་བྱེད་རིང་། གྲོང་སྡོད་ལས་དོན་རུ་ཁག་གིས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་བཏོན་ཏེ་མང་ཚོགས་དང་མཉམ་དུ་ལམ་བཟོའི་འཐབ་ས་དང་པོར་འབད་འཐབ་བྱས་པ་རེད། མཚོ་ཆེན་རྫོང་གཅེས་སེམས་ཁེ་ལས་བོད་ལྗོངས་ཧུའེ་ཀང་བཟོ་སྐྲུན་ལས་གྲྭ་ཚད་ཡོད་འགན་འཁྲི་ཀུང་སིས་ད་ཐེངས་ཀྱི་འགྲོ་ལམ་ཉམས་བཟོར་མཁོ་བའི་སྣུམ་དང་སྒྲིག་ཆས་ཆེ་གྲས་རིན་མེད་མཁོ་འདོན་བྱས་ཡོད། ཚེར་བཀྲ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་འགན་འཁུར་བས། ཐོག་མཐའ་བར་གསུམ་དུ་དམིགས་ཡུལ་སེམས་ལ་བརྟན་པོར་ངེས་ཏེ་མང་ཚོགས་ཀྱི་དགོས་མཁོ་དང་དོ་ཁུར་བྱ་ཡུལ་ལས་ཀའི་འགོ་འཛུགས་ས་དང་དོན་ལ་འབབ་སར་བརྩིས་ཏེ་མང་ཚོགས་ཀྱི་དགོས་མཁོར་མུ་མཐུད་དོ་སྣང་བྱས་ནས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་རོགས་དང་དཀའ་ངལ་ཧུར་ཐག་བསལ་ཏེ་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།