མངའ་རིས་ས་ཁུལ་གྱིས།
“ཏང་འཛུགས་སྐྱོང་འབྲེལ་མཐུད”ཡག་པོ་དང“ཤེས་ལྡན་པའི་ཚོགས་པ”བཙུགས་ཏེ“ཞབས་འདེགས་ཞུ་རྒྱ”ཆེ་རུ་གཏོང་བ།
ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་གྱིས་གཞི་རིམ་བཅོས་སྐྱོང་གི་དཀའ་གནད་ལ་ཐད་ཀར་ཕྱོགས་པ་དང་ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་གི་སྤུས་འབྲས་ལེགས་གཉེར་ལ་ཁྲིད་སྟོན་བྱེད་པའི་བྱ་སྤྱོད་ལག་ལེན་བསྟར་རྒྱུ་སྣེ་ཁྲིད་དུ་བྱས་ཏེ། “ཏང་འཛུགས་སྐྱོང་འབྲེལ་མཐུད”ཡག་པོ་དང“ཤེས་ལྡན་པའི་ཚོགས་པ”བཙུགས་ནས“ཞབས་འདེགས་ཞུ་རྒྱ”ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས“ཏང་འཛུགས་སྐྱོང་+”ཀྱི་རྣམ་པར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། མི་ཚང་མར་འགན་འཁྲི་ཡོད་པ་དང་། མི་ཚང་མས་འགན་འཁྲི་འཁུར་བ། མི་ཚང་མས་མཉམ་སྤྱོད་བྱེད་པ་བཅས་ཀྱི་གཞི་རིམ་བཅོས་སྐྱོང་གི་རྣམ་པ་གསར་པ་ནུས་ལྡན་བཏོད་ཡོད་པ་རེད།
◆ “ཏང་འཛུགས་སྐྱོང་འབྲེལ་མཐུད”ཡག་པོ་བྱས་ནས་གཞི་རིམ་བཅོས་སྐྱོང་གི་ནུས་པ་མཁོ་འདོན་བྱས་པ།
མངའ་རིས་ས་ཁུལ་གྱིས་གཞི་རིམ་ལ་དམ་འཛིན་དང་རྨང་གཞི་འདིང་རྒྱུ་དེ་ཕུགས་འཕེར་གྱི་འཆར་འགོད་དང་རྩ་བ་བརྟན་གཏོང་གི་བྱ་ཐབས་ཤིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས། “དམ་འཛིན་གསུམ”གཙོ་གནད་དུ་བྱས་ཏེ་གཞི་རིམ་བཅོས་སྐྱོང་ཐད་རྩ་འཛུགས་ཀྱི་རྨང་གཞི་ཡག་པོ་ཞིག་བཏིང་བ་རེད།
འཛུགས་དགོས་རིགས་ཚང་མ་འཛུགས་པའི་རྩ་དོན་མཐའ་འཁྱོངས་བྱས་ཏེ་དྲ་མིག་223ལ་ཏང་རྩ་འཛུགས་478བཙུགས་ནས་གཞི་རིམ་བཅོས་སྐྱོང་གི་ཚན་པ་ཁྱོན་ཡོངས་ལ་ཏང་འཛུགས་སྐྱོང་གི་ལས་དོན་ཁྱབ་པར་བྱས་ཡོད། ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་དག་ཐེར་བྱ་རྒྱུ་དེ་གཞི་རིམ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་བྱེད་ཐབས་གལ་ཆེན་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། བསྡུར་ཚད་མི་བཟོ་བ་དང་། དམིགས་ཚད་མི་འཛུགས་པ། དག་ཐེར་བྱེད་དགོས་རིགས་ཚང་མ་དག་ཐེར་བྱེད་པ་བཅས་ཀྱི་རྩ་དོན་གཞིར་བཟུང་། ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་10ལ་གནད་ལ་འཁེལ་པོས་གྲལ་བཤེར་དང་ངོས་འཛིན་གཏན་འཁེལ་བྱེད་པ་དང་། དག་ཐེར་འགན་འཁྲི་འཁུར་མཁན་31ཁ་གསལ་བཟོ་བ། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་དག་ཐེར་བྱེད་ཐབས་41གཏན་འབེབས་བཅས་བྱས་ཏེ། གཞི་རིམ་བཅོས་སྐྱོང་བྱེད་པར་རྩ་འཛུགས་ཀྱི་འགན་སྲུང་བརྟན་པོ་གང་ཐུབ་བྱས་པ་རེད།
◆ “ཤེས་ལྡན་པའི་ཚོགས་པ”བཙུགས་ནས་གཞི་རིམ་བཅོས་སྐྱོང་ལ་ནུས་ཤུགས་བཏོན་པ།
མངའ་རིས་ས་ཁུལ་གྱིས་གཞི་རིམ་བཅོས་སྐྱོང་གི་ཤེས་ལྡན་པའི་དཔུང་ཁག་སྟོབས་ཆེར་གཏོང་བ་གཙོ་གནད་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས“མི་སྣ་རིགས་གསུམ”ལེགས་འདེམས་བཀོད་སྒྲིག་ཡག་པོ་བྱེད་པ་དེ་བྱ་ཐབས་སུ་བྱས་ཏེ་གཞི་རིམ་བཅོས་སྐྱོང་ལ་མཁོ་བའི་ཤེས་ལྡན་པའི་དཔུང་ཁག་གི་རྨང་གཞི་རྒྱུན་མཐུད་བརྟན་དུ་བཏང་བ་རེད།
ཧྲུའུ་ཅི་དང་པོ་དང་། གྲོང་ཚོ་འགན་གཙང་ལེན་མཁན་ལས་བྱེད་པ། གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་པ་སོགས་མི་740གནད་སྨིན་འདེམས་གཏོང་གིས་གྲོང་ཚོར(སྡེ་ཁུལ)མངགས་ཏེ་གྲོང་ཚོར(སྡེ་ཁུལ)བསམ་ཕྱོགས་89གསལ་བཟོ་དང་། འཕེལ་རྒྱས་ཀྱི་དཀའ་ངལ་ཁག་643སེལ་བ། ཕྱུག་འགྱུར་གྱི་ཆ་འཕྲིན་ཁག་416མཁོ་འདོན་བཅས་བྱས་ཏེ་རྩ་འཛུགས་སྟོབས་ཆེར་གཏོང་བ་དང་། ཐོན་ལས་དར་རྒྱས། བཅོས་སྐྱོང་ལ་དམ་འཛིན། ཞབས་ཞུ་ལེགས་གཏོང་བཅས་ལ་རམ་འདེགས་བྱས་པ་རེད།
◆ “ཞབས་འདེགས་ཞུ་རྒྱ”ཆེ་རུ་བཏང་ནས་གཞི་རིམ་བཅོས་སྐྱོང་གི་ནུས་ཤུགས་གཅིག་ཏུ་བསྒྲིལ་བ།
མངའ་རིས་ས་ཁུལ་གྱིས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་མང་ཚོགས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་གཞི་རིམ་བཅོས་སྐྱོང་གི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས“ཤུགས་སྣོན་གསུམ”འགག་རྩར་བྱས་ཏེ་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་རེད།
གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་གྱིས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པར་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས“ཏང་རྩ་འཛུགས་དང་། ཏང་ཡོན། མང་ཚོགས་བཅས་ཟུང་དུ་འབྲེལ་བའི”གྲོང་ཚོའི་ཏང་རྩ་འཛུགས་ཀྱི་ཞབས་ཞུའི་མ་ལག་འཚོལ་ཞིབ་བྱས་ནས་བཙུགས་ཏེ“གཅིག་འཐུས་རྣམ་པའི་ཞབས་ཞུའི”དམངས་ཕན་ཞབས་ཞུའི་ཚོམས་ཆེན་145བཏོད་པ་དང་དམངས་ཕན་འབྲེལ་གཏུག་གཱ་1473སྤྲད་དེ་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”བསལ་བ་རེད།