དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་མར་ཏི་ཝེའི་མཛའ་གྲོགས་ཟམ་ཆེན་གྱི་དྲན་གསོའི་སྤྱི་གླིང་གི་ཡོལ་ཁེབས་ཕྱེ་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-10-23

    འདི་ནི་མར་ཏི་ཝེའི་མ་ལེ་ནས་པར་བརྒྱབ་པའི་ཀྲུང་གོ་དང་མར་ཏི་ཝེའི་མཛའ་གྲོགས་ཟམ་ཆེན་ཡིན་པ།

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁོ་ལོན་པོ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། མར་ཏི་ཝེའི་རྒྱལ་ས་མ་ལེར་ཀྲུང་གོ་དང་མར་ཏི་ཝེའི་མཛའ་གྲོགས་ཟམ་ཆེན་གྱི་དྲན་གསོའི་སྤྱི་གླིང་གི་ཡོལ་ཁེབས་ཕྱེ་ཞིང་། མར་ཏི་ཝེའི་རྨང་གཞིའི་སྒྲིག་བཀོད་པུའི་པུའུ་ཀྲང་མུའུ་ཐེ་ཐ་ལི་པུའུ་ཡོལ་ཁེབས་འབྱེད་པའི་མཛད་སྒོར་ཞུགས་ཡོད།

    མུའུ་ཐེ་ཐ་ལི་པུའུ་ཡིས། དྲན་གསོའི་སྤྱི་གླིང་གི་དམིགས་ཡུལ་ནི་མར་ཏི་ཝེའི་དམངས་ཚོགས་ཀྱིས་ཟམ་ཆེན་ནི་ཀྲུང་གོ་སྲིད་གཞུང་གི་རོགས་སྐྱོར་འོག་བསྐྲུན་པ་ཞིག་ཡིན་པ་སྔར་བས་ཤེས་རྟོགས་ཐུབ་པར་བྱས་ནས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་སྔར་བས་མི་སེམས་སུ་ཟུག་རྒྱུར་སྐུལ་འདེད་གཏོང་ཆེད་ཡིན་ཞེས་བརྗོད།

    མར་ཏི་ཝེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཝང་ལི་ཤིན་གྱིས་ཤིས་ཚིག་སྒྲོན་སྐབས། ཀྲུང་གོ་དང་མར་ཏི་ཝེའི་མཛའ་གྲོགས་ཟམ་ཆེན་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དེས་མར་ཏི་ཝེའི་དམངས་ཚོགས་ཀྱི་ལོ་བརྒྱའི་ཕུགས་འདུན་མངོན་འགྱུར་བྱུང་ནས། རྒྱལ་ཁབ་འདིར་འཕོ་འགྱུར་རང་བཞིན་གྱི་ཤུགས་རྐྱེན་ཐེབས་པ་དང་། ཡུལ་འདི་གའི་མང་ཚོགས་ཀྱི་འཚོ་བར་སྟབས་བདེ་ཆེན་པོ་བསྐྲུན་པ། མར་ཏི་ཝེའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་ཐེབས་པ་བཅས་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་མར་ཏི་ཝེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་བཞིན་རྒྱབ་སྐྱོར་བྱས་ནས་མར་ཏི་ཝེར་རོགས་སྐྱོར་བྱེད་པའི་རྣམ་གྲངས་ལག་བསྟར་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་མར་ཏི་ཝེའི་མི་དམངས་ལ་སྔར་བས་ཕན་པ་འཐོབ་པར་བྱ་རྒྱུ་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།