དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་ཡུན་ནན་ཏ་ལི་རུ་འཛོམས་ནས་གོ་ལ་ཧྲིལ་པོའི་ལྗང་མདོག་འཕེལ་རྒྱས་སྐོར་གླེང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-10-23

    ཤིན་ཧྭ་གསར་འགྱུར་ཁང་ཁུན་མིང་ནས་གློག་འཕྲིན་འབྱོར་གསལ། ཚེས་19ཉིན་ཡུན་ནན་ཞིང་ཆེན་ཏ་ལི་གྲོང་ཁྱེར་དུ་2024ལོའི་གོ་ལ་ཧྲིལ་པོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང(ཨར་ཧའེ)ལ་སྐུལ་འདེད་གཏོང་བའི་གླེང་སྟེགས་ཀྱི་གླེང་སྟེགས་གཙོ་བོའི་བྱེད་སྒོ་གཉེར་ཞིང་། ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་300ཙམ་མཉམ་དུ་འཛོམས་ནས“སྐྱེ་ཁམས་མཛའ་མཐུན་གྱི་དེང་རབས་ཅན་ལ་མཉམ་དུ་སྐུལ་འདེད་གཏོང”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་སྤེལ་རེས་གཏིང་ཟབ་བྱས་པ་རེད།

    ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུས་ཀྱི་ཅུས་ཀྲང་ཏུའུ་ཀྲན་ཡོན་གྱིས། སྐྱེ་ཁམས་མཛའ་མཐུན་གྱི་དེང་རབས་ཅན་ལ་མཉམ་དུ་སྐུལ་འདེད་གཏོང་བར་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་འཕེལ་རྒྱས་འདུ་ཤེས་མཐའ་འཁྱོངས་ཀྱིས་ཚན་རྩལ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། རྒྱལ་ཁབ་ཁག་གི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཕན་འབྲས་བཟང་པོ་གང་ལེགས་སྤྱད་དེ་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་རྒྱག་དགོས་པ། གོ་ལ་ཧྲིལ་པོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་མཉམ་ཤུགས་རྒྱ་ཁྱབ་གཅིག་ཏུ་བསྡུས་ནས་ཐུན་མོང་གི་བྱ་སྤྱོད་སྤེལ་མགྱོགས་སུ་གཏོང་དགོས་ཞེས་བརྗོད་པ་རེད།

    ཀྲུང་གོར་བཅའ་སྡོད་ཁ་རེ་ཤེ་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེ་མོ་བ་ཏ་ལི་ཨོའུ·སྨི་ཧའེ་ལིན་གྱིས། ཁ་རེ་ཤེ་ཡ་ནི་སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཚོགས་པའི་རྒྱལ་ཁབ་ཅིག་ཡིན་ལ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སོགས་ཀྱི་ཁྱབ་ཁོངས་ནང་ཀྲུང་གོ་དང་རྒྱུན་མཐུད་དང་ཕན་འབྲས་ལྡན་པའི་མཉམ་ལས་བྱས་ཡོད་ཅེས་བཤད་པ་རེད།

    རྒྱལ་སྤྱིའི་མཚེའུའི་ཁོར་ཡུག་ཨུ་ལྷན་ཚན་རིག་ཨུ་ལྷན་གྱི་ཀྲུའུ་ཞི་གཞོན་པ་ཨ་ཏེ་ལིན་ན·སང་ཐུའོ་སི-པོར་ཧ་ཡིས། ཨར་ཧའེ་གླེང་སྟེགས་སུ་ས་ཁུལ་དང་། རྒྱལ་ཁབ། གོ་ལ་ཧྲིལ་པོ་བཅས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་མཁན་འདུས་ཡོད་པས། ང་ཚོས་མཚེའུ་རྒྱུག་ཁུལ་གྱི་སྐྱེ་ཁམས་མཛའ་མཐུན་དེང་རབས་ཅན་ལ་མཉམ་དུ་སྐུལ་འདེད་གཏོང་ཆེད་ལས་སྟེགས་བཏོད་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།