ལྷོ་ཁ་གྲོང་ཁྱེར་གྱིས་བཟའ་བཅའི་བདེ་འཇཌ་འགན་འཁྲིའི་འགན་བཅོལ་སྔོན་སྒྲུབ་ཚོད་ལྟའི་ལས་དོན་སྤེལ་བ།
བཟའ་བཅའི་བདེ་འཇགས་ལས་འཛོལ་སྔོན་འགོག་དང་ཐག་གཅོད་བྱེད་ནུས་ཆེ་རུ་བཏང་ནས་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་འགན་ལེན་ཏན་ཏིག་བྱ་ཆེད། ཉེ་ཆར། ལྷོ་ཁ་གྲོང་ཁྱེར་གྱིས་བཟའ་བཅའི་བདེ་འཇགས་འགན་འཁྲིའི་འགན་བཅོལ་སྔོན་སྒྲུབ་ཚོད་ལྟའི་ལས་དོན་སྤེལ་ནས་བཟའ་བཅའི་བདེ་འཇགས་ཀྱི་ཉེན་ཁར་དོགས་ཟོན་དང་འགོག་སེལ་ཧུར་ཐག་བྱས་ཏེ། བཟའ་བཅའི་བདེ་འཇགས་ལ་སྤྱི་ཚོགས་ཀྱིས་མཉམ་དུ་བཅོས་སྐྱོང་བྱེད་པར་སྐུལ་འདེད་བཏང་བ་རེད།
ལྷོ་ཁ་གྲོང་ཁྱེར་གྱིས“སྲིད་ཇུས་ཀྱིས་སྣེ་ཁྲིད་དང་། ཁྲོམ་རས་གཙོ་ཁྲིད། སྲིད་གཞུང་གིས་སྐུལ་འདེད”བཅས་ཀྱི་འདུ་ཤེས་མཐའ་འཁྱོངས་ཀྱིས“ཁྲོམ་རའི་ལྟ་འདོམས་སྡེ་ཚན་གྱིས་སྣེ་ཁྲིད་པ་དང་། དངུལ་ཁང་དང་། འགན་བཅོལ། ཁེ་ལས་བཅས་ཀྱིས་མཉམ་དུ་མ་དངུལ་གཏོང་བ། གཉེར་སྐྱོང་བྱེད་པོས་འགན་བཅོལ་ཞུ་བ། འགན་བཅོལ་ཀུང་སིས་འགན་བཅོལ་དང་ལེན”བཅས་ཀྱི་ཕྱོགས་བཞིའི་མཉམ་འགུལ་བྱ་ཐབས་བཏོད་དེ་དྲང་གཞག་གཅིག་གྱུར་དང་། བདེ་འཇགས་ཚད་ལྡན། རྒྱུན་མཐུད་ཆོག་པ་བཅས་ཀྱི་བཟའ་བཅའི་བདེ་འཇགས་འགན་འཁྲིའི་འགན་བཅོལ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་གང་ཐུབ་བྱས་ཡོད་པ་རེད།
གཞན་ཡང་། ལྷོ་ཁ་གྲོང་ཁྱེར་གྱིས་ད་དུང་བཟའ་བཅའི་བདེ་འཇཌ་ཀྱི“གཤམ་སྤེལ་ལྔའི”བྱེད་སྒོ་དང་གསོ་སྦྱོང་ཚོགས་འདུ་སོགས་ཀྱི་བྱ་ཐབས་སྣ་ཚོགས་བརྒྱུད། བཟའ་བཅའི་བདེ་འཇགས་འགན་འཁྲིའི་འགན་བཅོལ་ལས་དོན་དྲིལ་བསྒྲཌ་ཤུཌ་ཆེན་བྱས་ནས་བཟའ་བཅའ་ཐོན་སྐྱེད་གཉེར་སྐྱོང་ཁེ་ལས་ཀྱི་ཉེན་ཁའི་འདུ་ཤེས་དང་། འགན་འཁྲིའི་འདུ་ཤེས། འགན་བཅོལ་ཞུ་བའི་འདུ་ཤེས་བཅས་ཟབ་ཏུ་བཏང་ཡོད། དེ་དང་ཆབས་ཅིག་བཟའ་བཅའ་ཐོན་སྐྱེད་གཉེར་སྐྱོང་ཁེ་ལས་ལ་རང་འགུལ་ངང་བཟའ་བཅའི་བདེ་འཇགས་འགན་འཁྲིའི་འགན་བཅོལ་ཉོ་བར་མངགས་སྐུལ་བྱས་ཏེ་ཉེན་ཁ་ཀུན་གྱིས་མཉམ་དུ་འཁུར་ནས་བཟའ་བཅའི་བདེ་འཇགས་ལས་འཛོལ་ལས་བྱུང་བའི་རོགས་སྐྱོབ་གནོན་ཤུགས་ཆུང་དུ་བཏང་བ་རེད།