དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་མཁའ་འགྲུལ་ཀུང་སིས།

    2024ལོའི་དགུན་དུས་ཀྱི་མཁའ་འགྲུལ་དུས་ཚིགས་སུ་མཁའ་ལམ་11གསར་དུ་གཏོད་རྩིས་ཡོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-23

    ཉེ་ཆར། གསར་འགོད་པར་བོད་ལྗོངས་མཁའ་འགྲུལ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཟླ་10ཚེས་27ཉིན་ནས་བཟུང་བོད་ལྗོངས་མཁའ་འགྲུལ་ཀུང་སིས་དུས་གཏན་གནམ་གྲུའི་དུས་ཚིགས་བརྗེས་ནས་2024ལོའི་དགུན་དུས་མཁའ་འགྲུལ་དུས་ཚིགས་ཀྱི་མཁའ་ལམ་གསར་པའི་འཆར་གཞི་ལག་བསྟར་བྱ་རྒྱུ་ཡིན་པ་རེད། ཐེངས་འདིའི་དུས་ཚིགས་བརྗེས་རྗེས་བོད་ལྗོངས་མཁའ་འགྲུལ་ཀུང་སིས་མཁའ་ལམ་11གསར་དུ་གཏོད་རྩིས་ཡོད་པ་དང་། དུས་མཚུངས་སུ་ཧྲན་ཤིས་ཡུན་ཁྲེང་ནས་ཤང་ཀང་བར་ཐད་གཏོང་མཁའ་ལམ་བཏོད་དེ“ཡུལ་སྐོར་གྱི་ལམ་ཐིག་གཏན་འཁེལ་གྱི་ཁེ་དབང་གཱ”དང“ཚོགས་མིའི་ཉིན་མོའི་ཆེད་བཅག་རིན་གོང”སོགས་གཟིགས་སྐྱོང་ཐོན་རྫས་དང་ཞབས་ཞུ་མུ་མཐུད་ཁྱབ་གདལ་བཏང་ནས་འགྲུལ་པ་ཚོར་སྟབས་བདེ་དང་ནུས་ཆེའི་ཕྱིར་སྐྱོད་ཉམས་ལེན་མཁོ་འདོན་གྱིས་བོད་ལྗོངས་ནང་ཁུལ་དང་ཕྱི་རོལ་གྱི་མང་ཚོགས་ཕྱིར་སྐྱོད་ཀྱི་དགོས་མཁོ་ཕྱོགས་ཡོངས་ནས་བསྐངས་ཏེ་སྤུས་ཚད་མཐོ་བའི་ས་མཐོའི་དམངས་འཚོའི་མཁའ་འགྲུལ་ནུས་ཤུགས་ཡོད་རྒུས་གཏོད་རྒྱུ་ཡིན་པ་རེད།

    2024ལོའི་དགུན་དུས་ཀྱི་མཁའ་འགྲུལ་དུས་ཚིགས་སུ་བོད་ལྗོངས་མཁའ་འགྲུལ་ཀུང་སིས་ལྷོ་ནུབ་དང་། ཧྭ་ཤར། ཧྭ་ལྷོ་སོགས་ས་ཁོངས་གཙོར་བྱས་ནས་མཁའ་ལམ་བཀོད་སྒྲིག་བྱ་རྒྱུ་ཡིན་ཞིང་། རྒྱལ་ཁབ་ཕྱི་ནང་གི་མཁའ་ལམ་94ལས་བརྒལ་བར་འཕུར་སྐྱོད་བྱེད་རྩིས་ཡོད་པ་དག་རྒྱལ་ནང་དང་རྒྱལ་སྤྱིའི་ས་ཁུལ་གྱི་གྲོང་ཁྱེར་58ལ་ཁྱབ་པ་རེད། ལྷ་ས་ནས་ཤིས་ཧྲོང་པན་ན་དང་། སན་མིང་། ནན་ཐུང་བཅས་བར་དང་། གཞིས་རྩེ་ནས་ཧྲེ་ཅ་ཀྲོང་བར། ཉིང་ཁྲི་ནས་ཧོ་ཧྥེ་བར། ཁྲེང་ཏུའུ་ཧྲོང་ལིའུ་ནས་ཡུན་ཁྲེང་དང་། ཀྲུའུ་ཧའེ། ཝུའུ་ཧུའུ་བཅས་བར། ཏ་ལི་ནས་ཧོ་ཧྥེ་བར། མན་དབྱང་ནས་ལི་ཅང་བར། ཤིས་ཨན་ནས་ཕུའུ་ཨེར་བར་སོགས་ཡུལ་སྐོར་ལམ་ཐིག་རྩེ་གྲ་གསར་དུ་བཏོད་པ་རེད། ལྷ་ས་ནས་ཡུལ་ཤུལ་དང་ཐའེ་ཡོན་བར་དང་། ཤིས་ཨན་ནས་ཧྲེན་དབྱང་བར། ཁྲུང་ཆིང་ནས་ཟི་ལིང་དང་ལི་ཅང་བར། ཁྲེང་ཏུའུ་ཧྲོང་ལིའུ་ནས་ཧའར་པིན་དང་ཡུལ་ཤུལ་བར། ཏ་ལི་ནས་ཏ་ཀྲོའུ་དང་ཁྲང་ཧྲ་བར། མན་དབྱང་ནས་ནན་ཅིང་དང་ཏ་ལི་བར། ཁུན་མིང་ནས་ནན་ཅིང་བར་སོགས་ཀྱི་གྲོང་ཁྱེར་དབར་གྱི་མཁའ་ལམ་སླར་གསོ་བྱས་ཏེ་འགྲུལ་པ་འགྲོ་སྐྱོད་ཀྱི་དགོས་མཁོ་སྔར་བས་སྐོང་རྒྱུ་རེད། རྒྱལ་སྤྱི་དང་ས་ཁུལ་གྱི་མཁའ་ལམ་ཐད་བོད་ལྗོངས་མཁའ་འགྲུལ་ཀུང་སིས་ཧྲན་ཤིས་ཡུན་ཁྲེང་ནས་ཤང་ཀང་བར་གྱི་ཐད་འཕུར་མཁའ་ལམ་གསར་གཏོད་དང་། ཤིས་ཨན་ནས་ཐེ་ལན་གྱི་སུའུ་མའེ་གླིང་ཕྲན་བར་གྱི་མཁའ་ལམ་མུ་མཐུད་འཕུར་སྐྱོད་བྱེད་རྩིས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།