དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་རྩོམ་པ་པོ་མཐུན་ཚོགས་ཀྱིས།

    རྩེར་སྙེག་རྩོམ་པ་པོ་མི་དམངས་ཁྲོད་བསྐྱོད་ནས་འཚོ་བར་ཟབ་འཇུག་གིས་རྩོམ་རྒྱུ་འཚོལ་བའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-23

    ཉེ་ཆར་བོད་ལྗོངས་རྩོམ་པ་པོ་མཐུན་ཚོགས་ཀྱིས་རྩེར་སྙེག་རྩོམ་པ་པོ་མི་དམངས་ཁྲོད་བསྐྱོད་ནས་འཚོ་བར་ཟབ་འཇུག་གིས་རྩོམ་རྒྱུ་འཚོལ་བའི་བྱེད་སྒོ་དང་བོད་ཀྱི“དུས་རབས་གསར་པའི་རྩོམ་རིག་བྱ་དགའ”སྤྲོད་པའི་བྱེད་སྒོ་སྐབས་བཅུ་པ་སྤེལ་ནས། བོད་ཀྱི་མཛེས་སྡུག་ལྡན་པའི་ས་གཞི་ཆེན་པོའི་ཚ་ཚ་འུར་འུར་གྱི་འཚོ་བ་ཉམས་ལེན་དང་། མི་དམངས་ཀྱི་རེ་འབོད་ཉན་པ་དང་དུས་མཚུངས་གཞི་རིམ་དུ་རྩོམ་རིག་འཆད་ཁྲིད་བྱས་ནས་ལྟ་ཀློག་གསར་རྩོམ་གྱི་མྱོང་ཚོར་མཉམ་སྤྱོད་ཀྱིས་རྩོམ་རིག་གསར་རྩོམ་གྱི་ཉམས་མྱོང་གཞི་རིམ་དུ་བརྒྱུད་སྤྲོད་བྱས་ཏེ། གཞི་རིམ་གྱི་རྩོམ་ཡིག་འབྲི་མཁན་གསོ་སྐྱོང་དང་རྩོམ་རིག་གསར་རྩོམ་གྱི་དཔུང་ཁག་སྟོབས་ཆེར་གཏོང་བར་འདེགས་སྐྱོར་ནུས་ལྡན་བྱས་ཡོད་པ་རེད།

    བྱེད་སྒོ་སྤེལ་རིང་རྩོམ་པ་པོ་ཚོས་དིང་རི་དང་། གཉའ་ནང་། སྐྱིད་གྲོང་། ལྷ་རྩེ་སོགས་ཀྱི་ཐོན་སྐྱེད་ཀྱི་འཐབ་ས་མདུན་མ་དང་མཐའ་མཚམས་ས་ཁུལ་དུ་བསྐྱོད་དེ་གྲོང་གསེབ་དར་རྒྱས་དང་། མི་རིགས་མཐུན་སྒྲིལ། མཐའ་སྟོབས་མཐའ་བརྟན། སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་ལ་དམིགས་ནས་རྩོམ་རྒྱུ་འཚོལ་བསྡུ་གཏིང་ཟབ་བྱས་པ་རེད། རྩོམ་རྒྱུ་འཚོལ་བསྡུའི་ཚོགས་པའི་ཁོངས་མིས་ད་དུང་ས་གནས་དེ་གའི་རྩོམ་པ་པོ་དང་ལྷན་དུ་བོད་ཀྱི་རྩོམ་རིག་གི་ད་ལྟའི་གནས་ཚུལ་དང་འབྱུང་འགྱུར་ཐད་གྲོས་བསྡུར་གཏིང་ཟབ་བྱས་ཏེ་ཟུར་ཚད་མི་འདྲ་བའི་ཐོག་ནས་མིག་སྔའི་བོད་ཀྱི་རྩོམ་རིག་གསར་རྩོམ་གྱི་ཁྱད་ཆོས་དང་། འཕྲད་པའི་གོ་སྐབས། འགྲན་སློང་བཅས་དང་། དེ་བཞིན་བོད་ཀྱི་རྩོམ་རིག་འཕེལ་རྒྱས་ལ་ཇི་ལྟར་སྐུལ་འདེད་ལེགས་པོ་གཏོང་རྒྱུར་དབྱེ་ཞིབ་བྱས་པ་རེད། ད་དུང་2024ལོའི་ཇོ་མོ་གླང་མའི་སློབ་ཁྲིད་ཆེ་མོའི་རྩོམ་རིག་ཆེད་དོན་འཆད་ཁྲིད་བྱེད་སྒོ་སྤེལ་ནས《ཧུའུ་ནན་རྩོམ་རིག》གི་རྩོམ་སྒྲིག་པ་གཞོན་པ་སྟེ། གྲགས་ཅན་རྩོམ་པ་པོ་ཀྲའོ་ཡན་ཧྥེ་སོགས་རྩོམ་པ་པོ་གདན་དྲངས་ཏེ་ས་གནས་དེ་གའི་ཀློག་པ་པོར་ཆེད་དོན་འཆད་ཁྲིད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།