“མེ་ཏོག་སྣ་མང་མཉམ་བཞད——འཚོ་བར་ཉམས་ཞིབ་དང་མི་དམངས་ཁྲོད་གཞི་ཚུགས་པའི་ལོ་བཅུའི་པར་རིས་རྩེ་གྲའི་འགྲེམས་སྟོན”པེ་ཅིང་དུ་འགོ་ཚུགས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཚེས་18ཉིན། “མེ་ཏོག་སྣ་མང་མཉམ་བཞད——འཚོ་བར་ཉམས་ཞིབ་དང་མི་དམངས་ཁྲོད་གཞི་ཚུགས་པའི་ལོ་བཅུའི་པར་རིས་རྩེ་གྲའི་འགྲེམས་སྟོན”པེ་ཅིང་དུ་འགོ་ཚུགས་པ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་ཀྲུང་གོ་རིག་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཐེ་ཉིང་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད།
2024ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་ཞིག་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་རྩལ་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་དང་གསུང་བཤད་གལ་ཆེན་གནང་ནས་ལོ་བཅུ་འཁོར་བའི་ལོ་ཞིག་ཀྱང་རེད། ད་ཐེངས་ཀྱི་འགྲེམས་སྟོན་དེ་2014ལོ་ཚུན་དུ་ཀྲུང་གོ་པར་ལེན་མཁས་ཅན་མཐུན་ཚོགས་ཀྱིས་གཉེར་བའི་སྤུས་རྟགས་བྱེད་སྒོ་ཁག་ཏུ་ཚུད་པའི་བརྩམས་ཆོས་ལས་པར་ལེན་བརྩམས་ཆོས་ཁག་150ལྷག་ཙམ་དང་བརྙན་ལམ་བརྩམས་ཆོས་ཁག་11བདམས་ནས་ནང་དོན་བཞི་ལ་ཕྱེ་སྟེ། རྒྱ་ཆེའི་པར་ལེན་ལས་དོན་པས་འཚོ་བར་ཉམས་ཞིབ་དང་། མི་དམངས་ཁྲོད་གཞི་ཚུགས་པ། བློ་རྩེ་གཅིག་སྒྲིམ་གྱིས་གསར་རྩོམ་ལ་གཞོལ་བའི་གཡུར་ཟའི་གྲུབ་འབྲས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་ཞིག་ཡིན་ཞིང་། འོད་བརྙན་ཐོག་ནས་ལོ་10ཡི་རིང་གི་དུས་རབས་འཕེལ་རྒྱས་ཀྱི་ཟིལ་རླབས་དགུང་འཕྱུར་དང་། མི་སེར་གྱི་འཚོ་བ་གསར་པའི་རྣམ་པ། པར་ལེན་གསར་རྩོམ་གྱི་དར་རྒྱས་རྣམ་པ་བཅས་མངོན་ཡོད་པ་རེད།
ད་ཐེངས་ཀྱི་འགྲེམས་སྟོན་ནི་ཀྲུང་གོ་རིག་རྩལ་ལྷན་ཚོགས་དང་ཀྲུང་གོ་པར་ལེན་མཁས་པའི་མཐུན་ཚོགས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་རེད།