དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ཀྱི་སྲིད་ཏང་དབར་གྱི་གླེང་མོལ་ཚོགས་འདུ་སྐབས་བཞི་པ་འཚོགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-10-22

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་17ཉིན། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡིས་པེ་ཅིང་དུ་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ཀྱི་སྲིད་ཏང་དབར་གྱི་གླེང་མོལ་ཚོགས་འདུ་སྐབས་བཞི་པ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའི་པུའུ་ཀྲང་ལིའུ་ཅན་ཁྲའོ་ཡིས་གཙོ་དོན་གཏམ་བཤད་གནང་བ་རེད། ཀྲུང་གོ་ཕྱོགས་ཀྱི་འབྲེལ་ཡོད་པུའུ་ཨུད་དང་། ས་གནས། མཐོ་སློབ་བཅས་ཀྱི་འཐུས་མི་དང་དེ་བཞིན་ཐང་ཀའི་དབུ་བཞུགས་བློན་ཆེན་ཟུར་པ་སྐུ་དྲག་དབྱི་ཡོན་གྲོས་མི་ཐུ་དབྱི་ཝ་ཁཱ་ནོ་སོགས་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ཀྱི་སྲིད་ཏང་གི་སྲིད་ཕྱོགས་མི་སྣ་གལ་ཆེན་དང་ཀྲུང་གོར་བཅའ་སྡོད་གཞུང་ཚབ་པ་ཚོགས་འདུར་ཞུགས་ཡོད་པ་རེད།

    ལིའུ་ཅན་ཁྲའོ་ཡིས། ད་ལོ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕྱི་འབྲེལ་བཙུགས་པའི་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་མཉམ་སྡེབ་ཞལ་འཛོམས་ཐོག་མར་གནང་ནས་ལོ་10འཁོར་བའི་ལོ་ཡིན། ལོ་10ཡི་རིང་། ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་དབར་གྱི་འབྲེལ་བ་དེ་ལྷོ་ལྷོ་མཉམ་ལས་དང་གཉིས་ཁེ་གཉིས་ཕན་གྱི་དཔེ་མཚོན་དུ་གྱུར་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ཀྱི་སྲིད་ཏང་དང་མཉམ་དུ་སྤེལ་རེས་དང་དཔྱད་གཞིར་འཛིན་རེས་ལ་ཤུགས་སྣོན་རྒྱག་པ་དང་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། ལག་གདང་སྦྲེལ་ནས་འབྲེལ་བ་དེ་བས་ཟབ་པའི་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་འདོད་ཡོད་ཅེས་གསུངས་པ་རེད།

    ཚོགས་འདུར་ཞུགས་མཁན་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ཀྱི་སྲིད་ཏང་གི་སྲིད་ཕྱོགས་མི་སྣ་གལ་ཆེན་གྱིས། ཀྲུང་གོ་གཅིག་གི་རྩ་དོན་མུ་མཐུད་མཐའ་འཁྱོངས་བྱ་རྒྱུ་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་དང་མཉམ་དུ་ཏང་དབར་གྱི་སྤེལ་རེས་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་ཟབ་ཏུ་གཏོང་བ། དེང་རབས་ཅན་གྱི་འཕེལ་རིམ་ལ་ལག་གདང་སྦྲེལ་ནས་སྐུལ་འདེད་གཏོང་བ། གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་དོན་འཁྱོལ་ཧུར་ཐག་བཅས་བྱས་ནས་ཐུན་མོང་ཐོག་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་མངོན་འགྱུར་བྱེད་འདོད་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།