བོད་ལྗོངས་མངའ་རིས་སུ་ཁ་དཀར་རྐྱང་གི་ཁྱུ་ཚོགས་སོས་དལ་བག་ཕེབས་ངང་འཚོ་བཞིན་པ།
འདི་ནི་2024ལོའི་ཟླ་10ཚེས་12ཉིན་བོད་ལྗོངས་སྤུ་ཧྲེང་རྫོང་ཁོངས་ཀྱི་རྒྱལ་ལམ་219ཡི་གངས་ལྗོངས་ས་མཐོའི་ན་ཁའི་སྟེང་ཁ་དཀར་རྐྱང་རྣམས་སོས་དལ་བག་ཕེབས་ངང་རྒྱུ་བཞིན་པ།
འབྲས་ལྡན་སྟོན་གྱི་དུས་སུ་བོད་ལྗོངས་མངའ་རིས་ས་ཁུལ་དུ་ནམ་མཁའ་གཡའ་དག་ཅིང་ཉི་འོད་རབ་ཏུ་བཀྲ ས་ཁུལ་དེའི་སྤུ་ཧྲེང་རྫོང་མ་ཕམ་གཡུ་མཚོའི་འདམ་རའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྒྱལ་ལམ་219ཡི་གཞོགས་གཉིས་ཀྱི་ཡངས་པའི་རྩྭ་ཐང་དུ་ཁ་དཀར་རྐྱང་ཁྱུ་དང་ཁྱུ་རྩྭ་ཆུར་རོལ་ནས་སོས་དལ་བག་ཕེབས་ངང་འཚོ་བའི་གཟུགས་བརྙན་དེ་ཉིད་གངས་ལྗོངས་ས་མཐོའི་མཛེས་ལྗོངས་རྩེ་གྲ་ཞིག་ཏུ་གྱུར་ཡོད།