དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ཚྭ་འདམ་གཤོང་ས་ནས་ལྷ་ས་བར་གྱི་ཐད་རྒྱུག་གློག་ལམ་ལ་ལོ་འཁོར་གྱི་ཞིབ་བཟོའི་ལས་དོན་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-22

    འདི་ནི་ལས་དོན་པས་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ལྷོ་མ་གྲོང་རྡལ་གྱི་ཆན་ཧྥུའུ་±400ཡི་ཚྭ་འདམ་གཤོང་ས་ནས་ལྷ་ས་བར་གྱི་ཐད་རྒྱུག་#1889ཡི་གློག་ཤིང་ལ་གློག་འགོག་སྲུང་ཆས་བསྒར་བཞིན་པ།

    བོད་ཀྱི་གློག་དྲ་བདེ་འཇགས་དང་བརྟན་པོའི་ངང་འཁོར་རྒྱུག་ཐུབ་པའི་འགན་ལེན་བྱ་ཆེད། ཉེ་ཆར་རྒྱལ་ཁབ་གློག་དྲ་བོད་ལྗོངས་ཆེས་མཐོ་གནོན་ཡན་ལག་ཀུང་སིས་ཚྭ་འདམ་གཤོང་ས་ནས་ལྷ་ས་བར་གྱི་ཐད་རྒྱུག་གློག་ལམ་ལ་ལོ་འཁོར་གྱི་ཞིབ་བཟོའི་ལས་དོན་སྤེལ་ཡོད། དེའི་དམིགས་ཡུལ་ནི་གློག་ཤུགས་འཁོར་རྒྱུག་དང་ཉམས་གསོ་འགན་སྲུང་གི་ནུས་པ་ཆེ་རུ་དང་། གློག་དྲའི་སྒྲིག་ཆས་མི་འདང་བའི་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་བཅོས་སྒྲིག་བྱེད་པ། སྒྲིག་ཆས་འཁོར་རྒྱུག་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱ་ཆེད་ཡིན་པ་རེད།  

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།