ཏང་འཛུགས་སྐྱོང་གིས་ཐོན་ལས་དར་རྒྱས་ལ་སྣེ་ཁྲིད་བྱེད་པ།
ཉེ་བའི་ལོ་ཤས་རིང་། ཨན་ཧུའེ་ཞིང་ཆེན་ཧྥུའུ་དབྱང་གྲོང་ཁྱེར་ཡིང་ཏུང་ཆུས་ཁོའུ་ཙེ་གྲོང་རྡལ་གྱིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་ཡིད་རྟོན་གྲོང་ཚོ་འཛུགས་སྐྲུན་ལ་སྣེ་ཁྲིད་བྱ་རྒྱུ་དེ་དམ་འཛིན་བྱ་གཞིར་བྱས་ཤིང་། ས་གནས་དེ་གའི་རང་བྱུང་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ཞིང་ལས་ཐོན་ལས་ཀྱི་གྲུབ་ཆ་མུ་མཐུད་ལེགས་སུ་བཏང་བ་དང་། ཀྭ་རིགས་དང་། ཤིང་ཏོག སྔོ་ཚལ་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བས། “ཁོའུ་ཙེའི་སྒོག་པ”དང་། “ཧུང་དབྱང་ལུའུ་ཧའོ” “རའོ་ཧའེ་ཡི་ལི”སོགས་ཞིང་ཞོར་ཁྱད་ལྡན་ཐོན་རྫས་དང་སྤུས་རྟགས་ཁག་གཅིག་ཐོན་ཡོད། “ཏང་འཛུགས་སྐྱོང་དང་ཐོན་ལས་ཟུང་འབྲེལ”དང“ཤིང་འབྲས་འཐུ་བ་དང་དྲ་ཐོག་ཚོང་དོན་ཟུང་འབྲེལ”སོགས་ཀྱི་བྱ་ཐབས་ལག་བསྟར་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་ཚོང་གཉེར་ཐབས་ལམ་རྒྱ་ཆེར་གཏོང་བ་དང་ཐོན་ལས་འཁོར་འབྲེལ་ཆེ་རུ་བཏང་སྟེ“ཐོན་ལས་དར་བ་དང་། གྲོང་གསེབ་མཛེས་པ། ཞིང་པ་ཕྱུག་པ”བཅས་ཀྱི་གྲོང་གསེབ་ཐོན་ལས་དར་རྒྱས་ཀྱི་ལམ་བུར་བསྐྱོད་ཡོད། འདི་ནི་ཟླ་10ཚེས་18ཉིན། ཡིང་ཏུང་ཆུས་ཁོའུ་ཙེ་གྲོང་རྡལ་ཝུའེ་ཀོང་འདེབས་འཛུགས་མཉམ་ལས་ཁང་གི་སྔོ་ཚལ་རྟེན་གཞིར་ཏང་ཡོན་གྱིས་ཞིང་པར་སྔོ་ཚལ་འཐུ་རོགས་བྱེད་བཞིན་པ།