དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གོའི་གསེར་གླག་བརྙན་འཕྲིན་སྒྱུ་རྩལ་དུས་ཆེན་སྐབས་བཅོ་ལྔ་པ་འགོ་ཚུགས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-10-21

    ཤིན་ཧྭ་གསར་འགྱུར་ཁང་ཁྲང་ཧྲ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་གོའི་གསེར་གླག་བརྙན་འཕྲིན་སྒྱུ་རྩལ་དུས་ཆེན་སྐབས་བཅོ་ལྔ་པ་ཧུའུ་ནན་ཞིང་ཆེན་ཁྲང་ཧྲ་གྲོང་ཁྱེར་དུ་འགོ་ཚུགས་པ་རེད། འགོ་ཚུགས་མཛད་སྒོའི་རིག་རྩལ་དགོང་ཚོགས“མི་དམངས་དང་མཉམ་འགྲོགས། དུས་རབས་དང་མཉམ་འགྲོགས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་བརྙན་འཕྲིན་རིག་རྩལ་ལས་དོན་པའི་གཏམ་རྒྱུད་གླེང་བ་དང་གླུ་གཞས་རྩེ་གྲ་འཁྲབ་སྟོན་བྱེད་པ་སོགས་ཀྱི་ལེ་ཚན་བརྒྱུད་ནས། ལོ་10ཡི་རིང་རང་རྒྱལ་གྱི་བརྙན་འཕྲིན་སྒྱུ་རྩལ་འཕེལ་རྒྱས་ཀྱི་གྲུབ་འབྲས་ཕྱོགས་བསྡུས་ཐོག་མངོན་པར་བྱས་ཡོད།

    གཞན་ཡང་། འགོ་ཚུགས་མཛད་སྒོའི་རིག་རྩལ་མཚན་ཚོགས་ཐོག་ད་དུང་རིག་གནས་ཕྱི་རྒྱལ་དུ་སྤེལ་བའི་ཕན་ཚུན་སྤེལ་རེས་ཀྱི་ལྷུ་ཚིགས་དམིགས་སུ་བཏོད་དེ་བརྙན་འཕྲིན་ལེ་ཚན་དང་ཕྱོགས་བསྡུས་སྒྱུ་རྩལ་གྱི་གསར་རྩོམ་ཚོགས་པ་དང་རྒྱལ་སྤྱིའི་གྲོགས་པོ་གདན་དྲངས་ནས་ས་གནས་ས་ཐོག་ཏུ་ཕན་ཚུན་སྤེལ་རེས་བྱས་ཏེ། ཀྲུང་གོའི་རིག་གནས་ཀྱི་དམིགས་བསལ་ཁྱད་ཆོས་དང་རིག་གནས་ཕྱི་རྒྱལ་དུ་སྤེལ་བའི་གྲུབ་འབྲས་མངོན་པར་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་གསེར་གླག་དུས་ཆེན་ནི་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་། ཧུའུ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་། ཀྲུང་གོ་བརྙན་འཕྲིན་སྒྱུ་རྩལ་མཁས་ཅན་མཐུན་ཚོགས་བཅས་ཀྱིས་གཙོ་གཉེར་བྱས་པ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།