དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • རྨ་ཆུའི་ཁུག་སོ་དང་པོ་ནས་སྔོ་ལྗང་གོས་ཀྱིས་བཀླུབས་པའི་རི་ཀླུང་ལ་ལྟ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། སུང་ཁྲང་ཆིང་དང་། ཀྲང་ཆིན། ཚུའེ་ཧན་ཁྲའོ།   |     སྤེལ་དུས།  2024-10-20


    འདི་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རྨ་ཆུ་རྫོང་ཁོངས་སུ་བཞུར་བའི་རྨ་ཆུ་ཡིན་པ།

    འདི་ནི་འབྲོག་པས་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་སྐྱོང་ཀྲོའུ་རྨ་ཆུ་རྫོང་གི་རྨ་ཆུའི་འགྲམ་ངོགས་སུ་བྱེ་འགྱུར་རྩྭ་ཐང་བཅོས་སྐྱོང་བྱ་ཡུལ་དུ་རྩྭ་སོན་འདེབས་བཞིན་པ།

    འབྲོག་པ་སྒྲོལ་མ་སྐྱབས་ཀྱིས་རྨ་ཆུའི་ཆུ་གཞུང་དུམ་བུའི་རྩྭ་ཐང་གི་བྱེ་མ་བཅོས་སྐྱོང་བྱ་ཡུལ་དུ་རང་ཉིད་ཀྱིས་བཙུགས་པའི་སྡོང་ཐུང་སྐྱེ་ཚུལ་ལ་ལྟ་བཞིན་པ།

    འདི་ནི་ཡུལ་སྐོར་བས་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རྨ་ཆུ་རྫོང་གི་དཔལ་བན་ཚང་འདམ་རར་ཡུལ་སྐོར་བྱེད་པ།

    པར་གོང་མ་ནི་2002ལོར་བྱེ་འགོག་བྱེ་བཅོས་ལ་ཞུགས་པའི་ལས་དོན་པས་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རྨ་ཆུ་རྫོང་གི་རྨ་ཆུའི་འགྲམ་ངོགས་ཀྱི་བྱེ་འགྱུར་རྩྭ་སའི་བྱེ་མ་འགོག་བཞིན་པ། པར་འོག་མ་ནི་2023ལོའི་ཟླ་7ཚེས་6ཉིན་འབྲོག་པས་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རྨ་ཆུ་རྫོང་གི་རྨ་ཆུའི་འགྲམ་ངོགས་ཀྱི་བྱེ་འགྱུར་རྩྭ་སར་རྩྭ་སོན་འདེབས་བཞིན་པ།

    འདི་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རྨ་ཆུ་རྫོང་གྲོང་གི་འདབས་ཀྱི་རྨ་ཆུའི་འགྲམ་ངོགས་ཀྱི་བྱེ་སར་རྩྭ་དང་སྡོང་ཐུང་སྐྱེས་ནས་སྔོ་ཐིང་ངེར་གྱུར་པ།

    འདི་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རྨ་ཆུ་རྫོང་གི་དཔལ་བན་ཚང་འདམ་ར་ཡིན་པ།

    འདི་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རྨ་ཆུ་རྫོང་གི་དཔལ་བན་ཚང་འདམ་ར་ཡིན་པ།

    པར་གོང་མ་ནི་2011ལོའི་ཟླ་6ཚེས་9ཉིན་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རྨ་ཆུ་རྫོང་དངུལ་རྭ་ཤང་དངུལ་ཆུང་གྲོང་ཚོའི་གདུགས་དཀར་སྐྱབས་རྨ་ཆུའི་འགྲམ་ངོགས་ཀྱི་བྱེ་སའི་འགྲམ་དུ་སྐྱོད་བཞིན་པ། པར་འོག་མ་ནི་2023ལོའི་ཟླ་7ཚེས་6ཉིན་པར་བླངས་པའི་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རྨ་ཆུ་རྫོང་དངུལ་རྭ་གྲོང་རྡལ་དངུལ་ཆུང་གྲོང་ཚོའི་བྱེ་མ་བཅོས་སྐྱོང་བྱས་ཟིན་པའི་རྩྭ་ས་ཡིན་པ།

    པར་གོང་མ་ནི་2011ལོའི་ཟླ་6ཚེས་9ཉིན་ལག་རྩལ་པ་གཉིས་ཀྱིས་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རྨ་ཆུ་རྫོང་དངུལ་རྭ་ཤང་དངུལ་ཆུང་གྲོང་ཚོའི་རྩྭ་ས་བྱེ་འགྱུར་གྱི་གནས་ཚུལ་ལ་ལྟ་ཞིབ་བྱེད་ཀྱི་ཡོད་པ་དང་། ས་ཆ་དེ་སྐབས་དེའི་རྨ་ཆུ་རྩྭ་ཐང་གི་བྱེ་འགྱུར་ཚབས་ཆེ་ཤོས་ཀྱི་རྩྭ་སའི་གྲས་ཡིན་པ། པར་འོག་མ་ནི་2023ལོའི་ཟླ་7ཚེས་6ཉིན་པར་བླངས་པའི་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རྨ་ཆུ་རྫོང་དངུལ་རྭ་གྲོང་རྡལ་དངུལ་ཆུང་གྲོང་ཚོའི་ས་ཁོངས་སུ་བཅོས་སྐྱོང་བྱས་ཏེ་སླར་གསོ་བྱུང་བའི་རྩྭ་ཐང་ཡིན་པ།

    པར་གོང་མ་ནི་2004ལོའི་ཟླ་7ཚེས་19ཉིན་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རྨ་ཆུ་རྫོང་གི་བྱེ་འགྱུར་རྩྭ་སའི་ནང་ལུག་ཁྱུས་རྩྭ་ཟ་བཞིན་ཡོད་པ་དང་། རྒྱབ་ལོགས་ནི་བྱེ་གསེག་ལྡང་བའི་བྱེ་སྒང་ཡིན་པ། པར་འོག་མ་ནི་2023ལོའི་ཟླ་7ཚེས་5ཉིན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རྨ་ཆུ་རྫོང་གི་འདམ་རའི་རྩྭ་ཐང་དུ་འབྲི་གཡག་རྩྭ་ཆུར་རོལ་བཞིན་པ།

    རྨ་ཆུའི་ཁུག་སོ་དང་པོ་སྟེ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རྨ་ཆུ་རྫོང་གི་མ་ཡུམ་ཆུ་བོའི་འཁྱིལ་ཁུགས་སུ་སྔོ་ལྗང་གི་རྩྭ་ཐང་ཡངས་ཤིང་རྒྱ་ཆེ་ལ། སྐར་ཚོགས་ས་ལ་འཕོས་འདྲའི་ནོར་ལུག་གིས་རྩྭ་ཐང་གི་བུ་ཕྲུག་བགྲང་ལས་འདས་པ་བསྐྱངས་ཡོད།

    ཀན་སུའུ་ནི་རྨ་ཆུ་རྒྱུག་ཁུལ་གྱི་ཆུ་རྩ་གསོ་ཁུལ་དང་གསབ་སྣོན་ཁུལ་གལ་ཆེན་ཞིག་ཡིན་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྟོད་རྒྱུད་དུ་གཙང་གསུམ་ཆུ་འགོ་དང་། མདོ་ལ་རིང་མོ། ཀན་ལྷོའི་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་རྩ་གསོ་ཁུལ་སོགས་གཙོ་གནད་དུ་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་དང་འཛུགས་སྐྲུན་ལས་གྲྭ་གལ་ཆེན་ཁག་གཅིག་ལག་ལེན་བསྟར་རྒྱུར་སྐུལ་འདེད་བཏང་ནས་ཆུ་རྩ་གསོ་འཁྱོངས་ཀྱི་ནུས་པ་ཆེ་རུ་གཏོང་དགོས”ཞེས་གསུངས་པ་རེད།

    ལོ་མང་པོའི་རིང་། ཀན་སུའུ་ཡིས་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ཏེ་སྟོད་རྒྱུད་ཀྱི་འགན་འཁྲི་ཧུར་ཐག་ཁུར་ནས་ཀན་ལྷོའི་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་རྩ་གསོ་ཁུལ་སོགས་ས་ཁུལ་དུ་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་དང་འཛུགས་སྐྲུན་ལས་གྲྭ་གལ་ཆེན་ཁག་གཅིག་ལག་ལེན་བསྟར་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། རྨ་ཆུའི་ཁུག་སོ་དང་པོའི་བྱེ་བཅོས་ཀྱི་འགག་སྒྲོལ་དམག་འཐབ་རྒྱུན་ཆད་མེད་པར་བརྒྱབ་མཐར། དེ་སྔ་ཆུ་གཞུང་དུ་བྱེ་མ་ཚབས་ཆེར་སོང་ནས་རྩྭ་ས་ཉམས་པའི“གནམ་འོག་གི་རྨ་ཆུའི་ཁུག་སོ་དང་པོ”དེ་ད་ཆ་སླར་ཡང་སོར་ཆུད་ནས་རྩྭ་རྩི་ཤིང་སྔོ་ཐིང་ངེར་མངོན་པ་རེད།

    རྨ་ཆུ་རྫོང་ནི་རྒྱལ་ཡོངས་སུ་རྨ་ཆུ་ཞེས་མིང་བཏགས་པའི་རྫོང་གཅིག་པུ་དེ་ཡིན་ལ་རྨ་ཆུའི་ཁུག་སོ་དང་པོ་ཞེས་ཀྱང་འབོད་སྲོལ་ཡོད། ཡུལ་དེ་གའི་ཆ་སྙོམས་ས་བབ་སྨི་3300ལྷག་ཟིན་པས་ས་བབ་མཐོ་ལ་ཆར་རླུང་རྒྱུན་ཆད་རྒྱུ་མེད། ས་གནས་ཀྱི་ལོ་རྒྱུས་དེབ་ཐེར་དུ་འཁོད་པ་ལྟར་ན། ལོ་རྒྱུས་སུ་རྨ་ཆུ་རྒྱས་སྐབས་ངོགས་གཉིས་ཀྱི་རྩྭ་ས་བསྣུབས་མྱོང་བ་དང་ཆུ་བོ་བྲི་རྗེས་བྱེ་འདམ་ལུས་ཀྱི་ཡོད། དེའི་ཁར་ཆུ་ལག་ཐེངས་མང་ཕྱོགས་དུ་མར་ཁྲིད་པས་བྱེ་མ་གང་སར་ཁྱབ་པའི་ཉེན་ཚབས་ཆེ་རུའང་ཕྱིན་ཡོད། གཞན་ཡང་། ཕྱུགས་ཟོག་འཚོ་སྐྱོང་བྱེད་ཚད་མང་དྲགས་པའི་དབང་གིས་ཀྱང་རྩྭ་ཐང་བྱེ་སར་འགྱུར་ཚབས་ཆེ་རུ་སོང་ཡོད། 2012ལོའི་བར་རྨ་ཆུ་རྫོང་གི་བྱེ་འགྱུར་ས་ཆའི་རྒྱ་ཁྱོན་མུའུ་ཁྲི་80ཟིན་ཡོད་པ་རེད།

    “རྨ་ཆུའི་ཡུལ་ལུང་དུ་བྱེ་རླུང་ཉུང་ལ་རྩྭ་རྩི་ཤིང་གི་ཚང་ཚིང་རྒྱས་རྒྱུ”ནི་ཡུལ་དེ་གའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཕུགས་འདུན་ཡིན་ལ་མུ་མཐུད་འབད་འཐབ་བྱེད་པའི་དམིགས་ཚད་ཅིག་ཀྱང་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རྨ་ཆུའི་ཁུག་སོ་དང་པོར་བྱེ་བཅོས་ཀྱི་འགག་སྒྲོལ་དམག་འཐབ་སྔ་ན་མེད་པ་ཞིག་རྒྱག་འགོ་ཚུགས་ཤིང་། རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་འགོ་ཚུགས་པ་དང་བསྟུན། རྒྱལ་ཁབ་ཀྱིས་སྟོད་རྒྱུད་ཀྱི་གཙང་གསུམ་ཆུ་འགོ་དང་། མདོ་ལ་རིང་མོ། ཀན་ལྷོའི་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་རྩ་གསོ་ཁུལ་སོགས་གཙོ་གནད་ས་ཁུལ་ལ་སྔར་བས་དམིགས་ཏེ། འབེན་གཏད་བཅོས་སྐྱོང་བྱས་ནས་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་དང་འཛུགས་སྐྲུན་ལས་གྲྭ་གལ་ཆེན་ཁག་གཅིག་ལག་བསྟར་བྱས་པ་རེད།

    2022ལོའི་བར་རྨ་ཆུ་རྫོང་གིས་སྤྱིའི་རིང་ཚད་སྤྱི་ལེ་48.5ཟིན་པའི་རྨ་ཆུའི་ངོགས་ཀྱི་བྱེ་འཇགས་ནགས་རྩྭའི་ས་ཆ་མུའུ་ཁྲི་2.11བསྐྲུན་པ་དང་། དེ་ནི་ཚད་ལྡན་གྱི་རྐང་རྩེད་སྤོ་ལོ་ར་བ་1970ཡི་རྒྱ་ཁྱོན་དང་མཚུངས་ཀྱི་ཡོད།

    རྨ་ཆུ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཚེ་རིང་བཀྲ་ཤིས་ཀྱིས། རྨ་ཆུ་རྫོང་གིས་མིག་སྔར་རིམ་རྩིས་བརྒྱབ་ན་མུའུ་ཁྲི་2.11ཟིན་པའི་བྱེ་ས་བཅོས་སྐྱོང་བྱས་པས་2023ལོའི་ལོ་མཇུག་བར་ཡུལ་འདི་གའི་རྩྭ་ཐང་ལ་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་98.4%ཟིན་ཡོད། དུས་མཚུངས་སུ་རྨ་ཆུ་རྫོང་གི་རྨ་ཆུའི་ཆུ་ཕྲན་ནས་ས་ཆ་གཞན་དུ་ཆུ་བཞུར་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་157.4ཟིན་པ་དེ་2020ལོ་དང་བསྡུར་ན་27.4%འཕར་ཡོད་ཅེས་བརྗོད་པ་རེད།

    བྱེ་མའི་གནོད་འཚེ་ཆུང་དུ་ཕྱིན་ནས་རྩྭ་ཐང་དུ་རྩྭ་རྩི་ཏོག་རྒྱས་པར་བརྟེན། “རྨ་ཆུའི་ཁུག་སོ་དང་པོ”དང“གནམ་འོག་གི་རྨ་ཆུའི་ཁུག་སོ་དང་པོ”ཞེས་པ་ཡང་ཡུལ་ལུང་དེ་ཉིད་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་མིང་བྱང་ཡག་པོར་གྱུར། ཀན་ལྷོ་ཀྲོའུ་སྲིད་གཞུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། 2023ལོར་ཀན་ལྷོས་ལོ་ཧྲིལ་པོར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་2200ལ་སྣེ་ལེན་ཞུས་པར་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར་110ཟིན་ཞིང་། དེ་2019ལོ་དང་བསྡུར་ན་52%དང་49%སོ་སོར་འཕར་ཡོད། དེའི་ནང་ནས་ཡུལ་སྐོར་བ་མང་ཆེ་བ་ནི་རྨ་ཆུའི་ཁུག་སོ་དང་པོའི་མཛེས་ཤིང་ལྟ་ན་སྡུག་པའི་རྩྭ་ཐང་གི་མཛེས་ལྗོངས་ལ་དམིགས་ནས་ཡོང་བ་ཤ་སྟག་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།