དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཨན་ཧུའེ་རུ་རྟོག་ཞིབ་གནང་སྐབས་ནན་བཤད་གནང་དོན།

    རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་མང་པོ་རུབ་བསྡུས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཨན་ཧུའེ་ཡི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་དགོས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-10-20

    ཟླ་10ཚེས་17དང་18ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཨན་ཧུའེ་རུ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས་17ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཨན་ཆིང་ཐུང་ཁྲེང་གྲོང་ཁྱེར་གྱི་ལིའུ་ཁྲེ་སྲང་ལམ་དུ་རྟོག་ཞིབ་གནང་སྐབས་ས་གནས་དེ་གའི་གྲོང་མི་དང་ཡུལ་སྐོར་བ་དང་བྱམས་བརྩེའི་སྤེལ་རེས་གནང་བཞིན་པ།

    ཟླ་10ཚེས་17དང་18ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཨན་ཧུའེ་རུ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས་17ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཧོ་ཧྥེའི་པིང་ཧུའུ་ཚན་རིག་གྲོང་དུ་རྟོག་ཞིབ་གནང་སྐབས་ས་གནས་ས་ཐོག་ཏུ་ཡོད་པའི་ཚན་ཞིབ་པ་དང་ཁེ་ལས་ཀྱི་འགན་ཁུར་བ་དང་བྱམས་བརྩེའི་སྤེལ་རེས་གནང་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་ཧོ་ཧྥེ་ནས་ཟླ་10ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཨན་ཧུའེ་རུ་རྟོག་ཞིབ་གནང་སྐབས། ཨན་ཧུའེ་ཡིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར། རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་མང་པོ་རུབ་བསྡུས་ཀྱི་ལེགས་ཆ་འདོན་སྤེལ་བཅས་བྱས་ཏེ། ཤུགས་རྐྱེན་གལ་ཆེན་ལྡན་པའི་ཚན་རྩལ་གསར་གཏོད་ཀྱི་འགོ་བརྩམ་ས་དང་། གསར་དར་ཐོན་ལས་ཀྱི་གཅིག་སྡུད་ཁུལ། སྒྱུར་བཅོས་སྒོ་དབྱེའི་མཐོ་ས་གསར་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་ཁུལ་བཅས་གཏོད་པའི་ཐད་རྒྱུན་མཐུད་ངང་ཤུགས་རྒྱག་དགོས་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ནང་གཏིང་ཟབ་ཞུགས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མཛེས་སྡུག་ལྡན་པའི་ཨན་ཧུའེ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བཅས་ཀྱི་ཐད་འཕེལ་རིམ་གསར་པ་དེ་བས་ཆེ་བ་ཡོང་བར་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཨན་ཧུའེ་ཡི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་དགོས་ཞེས་ནན་བཤད་གནང་བ་རེད།

    ཟླ་10ཚེས་17དང་18ཉིན། ཞི་ཅིན་ཕིང་ཨན་ཧུའེ་ཞིང་ཨུད་ཀྱི་ཧྲུའུ་ཅི་ལེང་ཡན་ཧྲུན་དང་ཧྲེང་ཀྲང་ཝང་ཆིང་ཤན་གྱི་ཕེབས་རོགས་འོག་སྔ་རྗེས་སུ་ཨན་ཆིང་དང་ཧོ་ཧྥེ་སོགས་སུ་ཕེབས་ཏེ་ལོ་རྒྱུས་རིག་གནས་ཁྲོམ་གཞུང་དང་ཚན་རྩལ་གསར་གཏོད་གླིང་སོགས་སུ་རྟོག་ཞིབ་དང་བརྟག་ཞིབ་གནང་བ་རེད།

    ཚེས17ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་ཐོག་མར་ཨན་ཆིང་ཐུང་ཁྲེང་གྲོང་ཁྱེར་དུ་རྟོག་ཞིབ་ལ་ཕེབས་ཤིང་། གྲོང་ཁྱེར་གྱི་དབུས་སུ་གནས་པའི་ལིའུ་ཁྲེ་སྲང་ལམ་ནི་ཆིང་རྒྱལ་རབས་སྐབས་ཀྱི་སློབ་རམས་ཆེ་མོ་བ་ཀྲང་དབྱིང་དང་ཁྱིམ་མཚེས་ཝུའུ་ཚང་ཕན་ཚུན་རྩིག་རྨང་ཁྲེ་ཙེ་གསུམ་ཕྱིར་འཐེན་བྱས་པ་ལས་གྲུབ་པ་ཞིག་ཡིན་པ་དང་། དེ་ནི་ཀྲུང་གོའི་ཁྱིམ་མཚེས་དབར་གྱི་ཞི་མཐུན་མཉམ་གནས་དང་གུས་ལུགས་མཚོན་པའི་དཔེ་མཚོན་ཞིག་རེད། ཞི་ཅིན་ཕིང་དེ་གར་ཕེབས་རྗེས་ལིའུ་ཁྲེ་སྲང་ལམ་གྱི་ལོ་རྒྱུས་དང་དེའི་རྒྱུན་འཛིན་མཁྱེན་རྟོགས་གནང་བ་དང་། “ཐུང་ཁྲེང་ལུགས”ཀྱི་འབྲེལ་ཡོད་རིག་དངོས་དཔྱད་གཞིར་གཟིགས་ཞིབ་གནང་བ། ས་གནས་དེས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་གསན་ཡོད། ཁོང་གིས་ལོ་རྒྱུས་རིག་གནས་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་མཐའ་འཁྱོངས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་དང་། གསར་བརྗེའི་རིག་གནས་དར་སྤེལ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བཅས་ཀྱི་ཐད་མཉམ་དུ་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་བཅོས་སྐྱོང་གི་རིག་གནས་རྨང་གཞི་བརྟན་དུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    ས་གནས་དེ་གའི་གྲོང་མི་དང་ཡུལ་སྐོར་བས་སྤྱི་ཁྱབ་ཧྲུའུ་ཅི་མཇལ་སྐབས་འཚང་ཁ་ཤིག་ཤིག་ངང་ཚུར་རུབ་ནས་ཡོང་། ཞི་ཅིན་ཕིང་གིས་མི་དམངས་ནང་ཁུལ་གྱི་འགལ་བ་ནི་འདུམ་འགྲིག་གི་ཐབས་ལ་བརྟེན་ནས་ཐག་གཅོད་བྱེད་དགོས། ལིའུ་ཁྲེ་སྲང་ལམ་ལས་སྔོན་བྱོན་པས་འགལ་བ་སེལ་བའི་ལོ་རྒྱུས་ཀྱི་བློ་གྲོས་མཚོན་གྱི་ཡོད་པས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བའི་སློབ་གསོ་གཏོང་ཡུལ་དུ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་གུས་ལུགས་ལ་དང་དོད་དང་འཆམ་མཐུན་རྩ་བའི་རྩེ་མོར་འཛིན་པའི་སྲོལ་རྒྱུན་སྤྱོད་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་བདེ་སྡོད་ལས་བརྩོན་དང་ཞི་མཐུན་གྱི་སྤྱི་ཚོགས་ཁོར་ཡུག་སྐྲུན་དགོས་ཞེས་ཚང་མར་བྱམས་བརྩེའི་ངང་གསུངས།

    དེ་རྗེས་ཞི་ཅིན་ཕིང་ཧོ་ཧྥེའི་པིན་ཧུའུ་ཚན་རིག་གྲོང་དུ་ཕེབས་ནས་ཨན་ཧུའེ་ཞིང་ཆེན་གྱི་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་གཅིག་སྡུད་འགྲེམས་སྟོན་ལ་གཟིགས་པ་དང་ས་གནས་དེ་གའི་ཚན་རྩལ་སྒྲིག་གཞི་དང་ལམ་སྲོལ་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བྱེད་མགྱོགས་སུ་གཏོང་བ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་གསན་པ་དང་འབྲེལ་ས་གནས་ས་ཐོག་གི་ཚན་ཞིབ་མི་སྣ་དང་ཁེ་ལས་ཀྱི་འགན་འཁུར་བ་དང་བྱམས་བརྩེའི་ངང་སྤེལ་རེས་ཀྱང་གནང་བ་རེད། ཁོང་གིས་རིག་ནུས་དྲ་སྦྲེལ་རླངས་འཁོར་དང་། ཐོན་གསར་པའི་ཆ་འཕྲིན་ལག་རྩལ། ནུས་རྒྱུ་གསར་པ། མི་ཐབས་རིག་ནུས། ཚེ་སྲོག་བདེ་ཐང་སོགས་མཐོ་གསར་ཚན་རྩལ་ཐོན་རྫས་རེ་རེའི་འགྲམ་དུ་སླེབས་སྐབས་གོམ་པ་སྤོ་མཚམས་བཞག་གནང་ནས་ཞིབ་ཕྲ་གཟིགས་པ་དང་བསྔགས་བརྗོད་ཡང་ཡང་གནང་བ་རེད། ཞི་ཅིན་ཕིང་གིས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ཚན་རིག་ལག་རྩལ་ཨང་དང་པོར་འཇོག་དགོས་པ་དང་ཚན་རྩལ་གསར་གཏོད་ནི་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་རེད། མཐོ་གསར་ལག་རྩལ་ནི་སློང་མི་ཐུབ་ལ་ལེན་ཡང་མི་ཐུབ་པ་ཞིག་ཡིན་པས། ངེས་པར་དུ་ཆུ་ཚད་མཐོ་བའི་ཚན་རྩལ་གང་མགྱོགས་རང་ཚུགས་རང་དར་ཡོང་བ་བྱེད་དགོས། ཚན་ཞིབ་ལས་དོན་པ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྐང་འཛིན་པ་ཡིན་པས“མི་ཚེའི་ནང་བྱ་བ་ཁ་ཤས་སྒྲུབ་ཐུབ་པ་བྱེད་དགོས་པའི”ངར་ཤུགས་ཐོག་ནས་བློ་ཁོག་ཆེན་པོས་གསར་གཏོད་བྱས་ཏེ་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱ་ཆེད་འཇོན་ཐང་དང་བློ་རིག་ལེགས་སྐྱེས་སུ་འབུལ་བ་དང་ངོ་མཚར་ཆེ་བའི་ལེའུ་རྩོམ་དགོས་ཞེས་གསུངས་པ་རེད།

    ཚེས་18ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཨན་ཧུའེ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་སེང་གསན་པ་དང་། ཨན་ཧུའེ་ཡི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་བ་དང་གོམ་སྟབས་རྗེས་མའི་ལས་དོན་ལ་བླང་བྱ་ཁ་གསལ་བཏོན་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཚན་རྩལ་གསར་གཏོད་དང་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་མགྱོགས་སུ་གཏོང་དགོས། རྒྱལ་ཁབ་ཚོད་ལྟ་ཁང་དང་ཧོ་ཧྥེའི་ཕྱོགས་བསྡུས་རང་བཞིན་གྱི་རྒྱལ་ཁབ་ཚན་རིག་ལྟེ་གནས་ཚད་གཞི་མཐོ་པོས་འཛུགས་སྐྲུན་བྱེད་པ་དང་ནུས་རིམ་མཐོ་བའི་ཚན་རྩལ་གསར་གཏོད་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། འགག་རྩའི་ཐུན་མོང་རང་བཞིན་གྱི་ལག་རྩལ་དང་། སྔོན་ཐོན་སྣེ་འདྲེན་ལག་རྩལ། དེང་རབས་ལས་གྲྭའི་ལག་རྩལ། རྩ་སློག་རང་བཞིན་གྱི་ལག་རྩལ་གསར་གཏོད་བཅས་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་སྤྱིའི་ཚན་རྩལ་སྤེལ་རེས་དང་མཉམ་ལས་རྒྱ་ཆེར་གཏོང་བ། ཐོག་མའི་གསར་གཏོད་ནུས་པ་མུ་མཐུད་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཕྱོགས་ཡོངས་ནས་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་པ་དང་། སློབ་གསོ་དང་ཚན་རྩལ་ཤེས་ལྡན་པའི་སྒྲིག་སྲོལ་དང་ལམ་སྲོལ་གཞི་གཅིག་ཅན་གྱི་སྒྱུར་བཅོས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། དངུལ་རྩས་ཚན་རྩལ་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། གསར་གཏོད་ཀྱི་འཁོར་འབྲེལ་དང་། ཐོན་ལས་ཀྱི་འཁོར་འབྲེལ། མ་དངུལ་གྱི་འཁོར་འབྲེལ། ཤེས་ལྡན་པའི་འཁོར་འབྲེལ་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས། དངོས་ཚན་དཔལ་འབྱོར་གྱི་རྨང་གཞི་འདི་ཡག་པོ་བསྲུངས་ནས་སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་རིམ་སྤོར་མགྱོགས་སུ་གཏོང་བ་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྟོབས་ཆེར་གཏོང་བ། འབྱུང་འགྱུར་གྱི་ཐོན་ལས་སྔོན་ཚུད་ནས་བཀོད་སྒྲིག་བྱེད་པ། ཡུལ་བབ་དང་བསྟུན་ཏེ་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་བཅས་བྱས་ནས་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་ཁྱུ་ཚོགས་བསྐྲུན་དགོས། ཐཱན་རྒྱུ་ཉུང་གཏོང་དང་། བཙོག་འབུད་ཉུང་གཏོང་། ལྗང་མདོག་རྒྱ་སྐྱེད། འཕར་སྣོན་བཅས་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོང་སླར་གསོ་དང་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་སྟེ། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དང་གེགས་སེལ་གྱི་ནུས་པ་ཆེ་རུ་གཏོང་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། གཏིང་ཟབ་པའི་སྒྱུར་བཅོས་དང་ཆུ་ཚད་མཐོ་བའི་སྒོ་དབྱེར་སྐུལ་འདེད་གཏོང་དགོས། གསར་གཏོད་རང་བཞིན་དང་ཁྱད་པར་ཅན་གྱི་སྒྱུར་བཅོས་བྱེད་ཕོད་པ་བྱས་ནས་སྐམ་སའི་དབུས་ཁུལ་གྱི་སྒྱུར་བཅོས་སྒོ་དབྱེའི་མཐོ་ས་གསར་པ་སྐྲུན་དགོས། “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”མཐའ་འཁྱོངས་དང་དོན་འཁྱོལ་བྱས་ནས་གཉེར་སྐྱོང་བྱེད་པོ་སྣ་ཚོགས་ཀྱི་གསོན་ཤུགས་གང་ལེགས་འཕེལ་བར་བྱེད་དགོས། རྒྱུ་རྐྱེན་གཙོ་བོའི་ཁྲོམ་ར་ཅན་གྱི་སྒྱུར་བཅོས་ཟབ་ཏུ་བཏང་ནས་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་བསྐྲུན་དགོས། ཕྱོགས་ཡོངས་ནས་ཕྱི་ནང་གཉིས་ཀར་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ནས་སྐམ་མཚོ་དང་ཕྱི་ནང་མཉམ་འགུལ་དང་། ཤར་ནུབ་ཕྱོགས་གཉིས་ཕན་ཚུན་རོགས་རེས་ཀྱི་ཕྱོགས་ཡོངས་སྒོ་དབྱེའི་རྣམ་པ་ཆགས་པར་བྱེད་དགོས། འབྲི་ཆུའི་ཟུར་གསུམ་ཁུལ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་ཁྲིད་སྟོན་དུ་བྱས་ནས་ཞིང་ཆེན་ནང་ཁུལ་གྱི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་ཁྲིད་བྱེད་པ་དང་། འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་དང་དབུས་རྒྱུད་ས་ཁུལ་དར་འཕེལ་ཡོང་བའི་འཐབ་ཇུས་ཁྲོད་ནུས་པ་སྔར་ལས་ཆེ་བ་འདོན་སྤེལ་བྱེད་དགོས། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་ཧུར་ཐག་ཞུགས་ནས་ཕྱི་ནང་ཚོང་དོན་གཞི་གཅིག་ཅན་གྱི་སྒྱུར་བཅོས་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། ཕྱི་རྒྱལ་གྱི་མ་དངུལ་སྐོང་འཐེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཕྱི་རྒྱལ་གྱི་མ་དངུལ་ཞུགས་ཚད་བརྟན་དུ་བཏང་ནས་ཕྱི་ཕྱོགས་ཚོང་དོན་གྱི་སྒུལ་ནུས་གསར་པ་མགྱོགས་མྱུར་སྐྱེད་སྲིང་བྱེད་དགོས།

    ཞི་ཅིན་ཕིང་གིས་གསུངས་དོན། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས། དེང་རབས་འབྲུ་རིགས་ཐོན་ལས་མ་ལག་དང་། ཐོན་སྐྱེད་མ་ལག གཉེར་སྐྱོང་མ་ལག་བཅས་བཙུགས་ནས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་ཅང་ཧོའེ་འབྲུ་མཛོད་བསྐྲུན་ཏེ་འབྲུ་རིགས་མཁོ་སྤྲོད་འགན་ལེན་གྱི་འགན་འཁྲི་བརྟན་པོ་འཁུར་དགོས། རེས་སྐོར་གཉིས་པའི་ས་ཞིང་འགན་གཙང་གི་དུས་ཡུན་ཐིམ་རྗེས་སླར་ཡང་ལོ་སུམ་ཅུ་རིང་དུ་གཏོང་བའི་ཚོད་ལྟར་དམ་འཛིན་ཡག་པོ་བྱས་ནས། ཞིང་དར་ཞིང་ཕན་ཞིང་ཕྱུག་བཅས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་སྟེ། ཞིང་པའི་འབྲུ་རིགས་འདེབས་པའི་ཧུར་སེམས་ཆེ་རུ་གཏོང་དགོས། ཁྱད་ལྡན་དང་ལྗང་མདོག་ཞིང་ལས་ཐོན་རྫས་འདེབས་འཛུགས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། གྲོང་གསེབ་ཀྱི་དམངས་ཕྱུག་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་བ། ཞིང་ལས་ཀྱི་ཕྱོགས་བསྡུས་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ཏེ། གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་གསར་པ་སྟོབས་ཆེར་གཏོང་དགོས། གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་དགོས། རྫོང་གྲོང་གཞི་རྟེན་གལ་ཆེན་དུ་བྱེད་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་རྫོང་ཁོངས་དཔལ་འབྱོར་སྟོབས་ཆེར་གཏོང་དགོས། གཙོ་གནད་མི་ཚོགས་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་ཡག་པོ་བྱས་ནས་གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་འབོར་ལ་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་སྟེ། གཞི་ཁྱོན་རང་བཞིན་གྱི་དབུལ་པོ་བསྐྱར་ལོག་དང་དབུལ་ཕོངས་མི་ཐོན་པའི་འགན་ལེན་བྱེད་དགོས། སློབ་གསོ་དང་། སྨན་བཅོས། རྒན་གསོ། སྤྱི་ཚོགས་འགན་སྲུང་། སྤྱི་པའི་རིག་གནས་སོགས་ཀྱི་ཞབས་ཞུ་གྲོང་གསེབ་ཏུ་ཁྱབ་པར་སྐུལ་འདེད་གཏོང་དགོས། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་བཏང་སྟེ་གཞི་རིམ་བཅོས་སྐྱོང་གི་ནུས་ཕྱོད་ཆེ་རུ་གཏོང་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རིག་གནས་དང་ཡུལ་སྐོར་གྱི་མཉམ་འདྲེས་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་དང་ཁུལ་ཡོངས་ཡུལ་སྐོར་འཕེལ་རྒྱས་བཏང་སྟེ། རིག་གནས་ཡུལ་སྐོར་ལས་རིགས་ཀ་རྟེན་ཐོན་ལས་སུ་འགྱུར་བར་བྱེད་དགོས། གསར་བརྗེའི་རིག་གནས་ཐོན་ཁུངས་ཀྱི་མི་སྣ་སྐྱོང་ནུས་དང་ཡུལ་སྐོར་གྱི་རིན་ཐང་སྔོག་འདོན་གཏིང་ཟབ་དང་བེད་སྤྱོད་གང་ལེགས་བྱེད་དགོས། སྲོལ་རྒྱུན་གྱི་གྲོང་ཚོ་དང་སྲོལ་རྒྱུན་གྱི་སྐྲུན་དངོས་སྲུང་སྐྱོང་དང་། རྒྱུན་འཛིན། བཀོལ་སྤྱོད་བཅས་ལ་ཤུགས་སྣོན་བརྒྱབ་ནས། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྣེ་ཁྲིད་དུ་བྱས་ནས་མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་འཛུགས་གཏོད་རྒྱ་ཁྱབ་ངང་སྤེལ་ཏེ་གོམས་སྲོལ་སྒྱུར་བར་སྐུལ་འདེད་གཏོང་དགོས། རིག་གནས་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་བྱས་ནས་རིག་གནས་ཐོན་ལས་ཀྱི་མ་ལག་དང་ཁྲོམ་རའི་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ། རིག་གནས་སྤུས་དག་དེ་བས་མང་བ་གཏོད་དགོས།

    ཞི་ཅིན་ཕིང་གིས་གསུངས་དོན། གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་བཏང་ནས། ཏང་ཡོན་ལས་བྱེད་པས་སྒྲིག་ཁྲིམས་དང་སྒྲིག་ལམ་དག་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ལ་དངོས་འབྲེལ་སྒྱུར་བར་ཁྲིད་སྟོན་བྱེད་དགོས། “དབྱེ་བ་འབྱེད་དགོས་པ་གསུམ”དོན་འཁྱོལ་ནན་ཏན་བྱས་ཏེ། ཏང་ཡོན་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་ཧུར་སེམས་དང་། རང་འགུལ་གྱི་བསམ་པ། གསར་གཏོད་བྱེད་སེམས་བཅས་སྐུལ་སློང་གང་ལེགས་བྱེད་པ་དང་། ལས་བྱེད་པས་དགོས་པའི་ལས་མི་བྱེད་པ་དང་། མི་དགོས་ལས་རྙོག་བཟོ་བ། བྱེད་མི་ཕོད་པ། བྱེད་མཁས་པོ་མེད་པ་བཅས་ཀྱི་གནད་དོན་ཐག་གཅོད་གང་ལེགས་བྱེད་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་འགོག་བཅོས་ཀྱི་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། གཞི་རིམ་གྱི་ཁུར་པོ་མུ་མཐུད་ཡང་དུ་གཏོང་དགོས། རྒྱུན་སྲིང་ལྷོད་མེད་ཀྱིས་སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱས་ཏེ་ཆབ་སྲིད་ཀྱི་སྐྱེ་ཁམས་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དུས་ཚིགས་བཞི་པའི་དཔལ་འབྱོར་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ་དང་། ཏང་ཀྲུང་དབྱང་གིས་གཏན་འབེབས་གནང་བའི་སྲིད་ཇུས་དང་བྱེད་ཐབས་ཁག་དོན་འཁྱོལ་ནན་ཏན་བྱས་ཏེ། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བར་འབད་བརྩོན་བྱེད་དགོས།

    ཧོ་ལི་ཧྥུང་དང་དེ་བཞིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ལྷན་དུ་རྟོག་ཞིབ་གནང་བར་ཕེབས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།