ཝུའུ་ཀྲེན་གྱི་ཁྲང་ཞིའི་དུས་ཆེན་སྐབས་བཅུ་གཅིག་པ་འགོ་ཚུགས་པ།
ཉེ་ཆར། ཀྲེ་ཅང་ཞིང་ཆེན་ཐུང་ཤང་གྲོང་ཁྱེར་ཝུའུ་ཀྲེན་དུ་ཝུའུ་ཀྲེན་གྱི་ཁྲང་ཞིའི་དུས་ཆེན་སྐབས་བཅུ་གཅིག་པ་གཉེར་འགོ་ཚུགས་ཤིང་། ད་རེས་ཀྱི་ཁྲང་ཞིའི་དུས་ཆེན་དུ་རྒྱལ་ཁབ་11གི་དམིགས་བསལ་གདན་ཞུས་འཁྲབ་ཚན་24ཡོད་པ་དང་འཁྲབ་སྟོན་ཐེངས་86བྱ་རྒྱུ་རེད། དུས་མཚུངས་སུ་སྒྱུ་རྩལ་གྱི་རྣམ་པ་སྣ་ཚོགས་འདུས་པའི་གནའ་བོའི་གྲོང་རྡལ་གྱི་དགའ་ནེའུ་དུས་ཆེན་གྱི་འཁྲབ་སྟོན་ཐེངས་2000ལྷག་ཙམ་བྱ་རྒྱུ་རེད། འདི་ནི་ཝུའུ་ཀྲེན་གྱི་ཁྲང་ཞིའི་དུས་ཆེན་གནའ་བོའི་གྲོང་རྡལ་གྱི་དགའ་ནེའུ་དུས་ཆེན་གྱི་ཆུ་ཐོག་གླུ་གར་འཁྲབ་སྟོན་བྱེད་བཞིན་པ།