ཀུའེ་ཀྲོའུ་ཀྲེན་ཡོན་གྱི་གནའ་གྲོང་མཛེས་ཉམས།
ཀྲེན་ཡོན་གནའ་གྲོང་ནི་ཀྲུང་གོའི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་ཞིག་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་ཀྲེན་ཡོན་རྫོང་གིས་ཀྲེན་ཡོན་གནའ་གྲོང་གི་སྐྲུན་དངོས་རྙིང་པ་དང་། གནའ་བོའི་དམངས་སྲོལ་སྡོད་ཁང་ཉམས་གསོ་དང་སྲུང་སྐྱོང་གི་ལས་དོན་རྒྱུན་མཐུད་ཡག་པོ་སྤེལ་ཏེ། ལོ་རྒྱུས་ཀྱི་སྐྲུན་དངོས་ལུགས་མཐུན་ངང་གསར་སྤེལ་དང་བེད་སྤྱོད་བྱས་པ་མ་ཟད། ཆེས་གནའ་བོའི་ཉམས་འགྱུར་སོར་འཇོག་ཀྱང་བྱས་ཡོད་པས་ཡུལ་སྐོར་བས་ས་གནས་དེ་གའི་ལོ་རྒྱུས་དང་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཉམས་ལེན་བྱེད་ཐུབ་པ་རེད། འདི་ནི་ཉེ་ཆར་གྱི་ཀུའེ་ཀྲོའུ་ཞིང་ཆེན་ཀྲེན་ཡོན་རྫོང་གི་ཀྲེན་ཡོན་གནའ་གྲོང་དང་རི་ཆུ་གཅིག་ཏུ་འདྲེས་པའི་ལྟ་ན་སྡུག་པའི་མཛེས་ལྗོངས་ཡིན་པ།