དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་སྣ་འདུས་ཐབས་བཟང་བཏོན་ནས་ཁང་པ་ཉོ་མཁན་ལ་དངོས་དངོས་ རྗེན་རྗེན་གྱི་ཕན་པ་བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-10-19

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཁང་པ་ཉོ་ཚོང་གི་གན་རྒྱ་393བཞག་པ་དང་། ཕྱིར་འཚོང་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་4.86ཟིན་པ། ཕྱིར་འཚོང་དངུལ་འབོར་སྒོར་དུང་ཕྱུར་2.61ཟིན་པ་དེ་ནི་མཚོ་ཤར་གྲོང་ཁྱེར་གྱིས་ཟླ་10ཚེས་1ཉིན་སྟོན་དུས་ཀྱི་ཁང་པ་ཉོ་བའི་བྱེད་སྒོ་སྤེལ་ཚུན་ནས་ཟླ་10ཚེས་14ཉིན་བར་གྱི་ཁང་པ་གསར་པའི་ཉོ་ཚོང་བྱེད་ཚད་རེད། ད་ལོའི་ཟླ་9ཚེས་28ཉིན《ས་ཁང་བདག་ཁོངས་ཁྲོམ་ར་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་མཚོ་སྔོན་ཞིང་ཆེན་གྱི་ལག་བསྟར་ཇུས་གཞི》(གཤམ་དུ《ལག་བསྟར་ཇུས་གཞི》ཞེས་བསྡུ་རྒྱུ)ཁྱབ་བསྒྲགས་བྱས་པ་ནས་བཟུང་། མཚོ་སྔོན་གྱི་ས་གནས་ཁག་གིས་གཟིགས་སྐྱོང་སྲིད་ཇུས་སྣ་ཚོགས་ཧུར་ཐག་བཏོན་ཏེ་ས་ཁང་བདག་ཁོངས་ཁྲོམ་ར་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད།

    《ལག་བསྟར་ཇུས་གཞི》ཁྱབ་བསྒྲགས་བྱས་རྗེས། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱིས་རང་སའི་གནས་ཚུལ་གཞིར་བཟུང་། 《ཟི་ལིང་གྲོང་ཁྱེར་གྱིས་ས་ཁང་བདག་ཁོངས་ཁྲོམ་རའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་བྱེད་ཐབས》དང《མཚོ་ཤར་གྲོང་ཁྱེར་གྱིས“གྲོང་ཁྱེར་རེ་ལ་སྲིད་ཇུས་རེ”དོན་འཁྱོལ་བྱས་ནས་ས་ཁང་བདག་ཁོངས་ཁྲོམ་ར་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི》སོ་སོར་བཏོན་ནས། ཁྲོམ་རའི་བྱེད་པོ་དང་མང་ཚོགས་ལ་སྲིད་ཇུས་ཀྱི་གཟིགས་སྐྱོང་ཐད་ཀར་འཐོབ་རྒྱུར་སྐུལ་འདེད་བཏང་སྟེ། ཚད་གཞི་མཐོ་ཤོས་དང་མྱུར་ཚད་མགྱོགས་ཤོས་ཀྱི་ཐོག་ནས་སྲིད་ཇུས་ཀྱི་ཕན་པ་བསྐྲུན་པ་རེད།

    མི་སྒེར་ལ་དངུལ་བུན་གཏོང་བའི་སྐྱེད་ཀ་དམའ་རུ་བཏང་ཞིང་། ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་གཉིས་ཀྱི་ཚོང་ལས་རང་བཞིན་གྱི་མི་སྒེར་གྱི་དངུལ་བུན་སྐྱེད་ཀའི་ཐད་ཀྱི་སྡོད་ཁང་དང་པོ་དང་གཉིས་པའི་ཐོག་མའི་འཇལ་དངུལ་དམའ་ཤོས་ཀྱི་བསྡུར་གྲངས་དེ་15%ལས་མི་དམའ་བ་གཅིག་གྱུར་བྱས་པ་རེད། ཟི་ལིང་གྲོང་ཁྱེར་གྱིས་མི་སྒེར་གྱི་སྡོད་ཁང་སྤྱི་གསོག་དངུལ་གྱི་དངུལ་བུན་གྱི་སྐྱེད་ཀ་བརྒྱ་ཆའི་གྲངས་0.25བཅག་པ་དང་། ལོ་5མན(ལོ་5ཚུད)དང་ལོ་5ཡན་གྱི་མི་སྒེར་གྱི་སྡོད་ཁང་དང་པོའི་སྤྱི་གསོག་དངུལ་གྱི་དངུལ་བུན་སྐྱེད་ཀ2.35%དང་2.85%སོ་སོར་ལེགས་སྒྲིག་བྱས་པ་དང་། ལོ་5མན(ལོ་5ཚུད)དང་ལོ་5ཡན་གྱི་མི་སྒེར་གྱི་སྡོད་ཁང་གཉིས་པའི་སྤྱི་གསོག་དངུལ་གྱི་དངུལ་བུན་སྐྱེད་ཀ2.775%དང་3.325%སོ་སོར་ལེགས་སྒྲིག་བྱས་པ་རེད།

    སྡོད་ཁང་གི་ཁ་གསབ་དང་ཁྲལ་རིན་གཟིགས་སྐྱོང་དོན་འཁྱོལ་བྱས་ཤིང་། ཁང་པ་ཉོ་བར་སྐུལ་ལྕག་བྱ་ཆེད། ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་གཉིས་ལ་ཁ་གསབ་རོགས་དངུལ་སྤྲད་དེ་ཁང་པ་ཉོ་མཁན་ལ་ཁ་གསབ་སྤྲོད་རྒྱུར་སྤྱད་པ་རེད། ཟི་ལིང་གྲོང་ཁྱེར་གྱིས་ཟླ་10ཚེས་1ནས་20ཉིན་བར《ཚོང་སྒྱུར་ཁང་པ་ཉོ་ཚོང་གི་གན་རྒྱ》བཞག་པ་དང་འབྲེལ་ཐོ་འགོད་སྙན་སེང་ཞུས་པར་གཞིགས་ནས། ཁང་པ་ཉོ་མཁན་གྱིས་ཁང་པ་ཉོ་བའི་ཁ་གསབ་སྒོར་ཁྲི་2ལོངས་སུ་སྤྱོད་ཆོག མཚོ་ཤར་གྲོང་ཁྱེར་གྱིས་རྨ་ཙོང་ཁུལ་གསར་དང་། གྲོ་ཚང་ཁུལ། དམར་གཙང་ཁུལ་བཅས་ཀྱི་ཁང་པ་ཉོ་མཁན་ལ་ཁང་པ་ཉོས་པའི་རྒྱ་ཁྱོན་གཞིར་བཟུང་སྒོར་ཁྲི་1གམ་ཡང་ན་སྒོར་ཁྲི་2ཀྱི་ཁ་གསབ་སྤྲོད་ཀྱི་ཡོད་པ་རེད། ཟི་ལིང་གྲོང་ཁྱེར་གྱིས་ད་དུང་ལོ་གཅིག་ནང་ཚུན་དུ་སྡོད་ཁང་འཚོང་བ་དང་བསྐྱར་སྐྲུན་བྱེད་མཁན་གྱི་ཁང་པ་ཉོ་བའི་ཁྲལ་འཇལ་བར་སྒེར་གྱི་ཐོབ་ཁྲལ་ཕྱིར་སློག་གི་གཟིགས་སྐྱོང་སྲིད་ཇུས་ལག་ལེན་བསྟར་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།