མཚོ་སྔོན་ཞིང་ཆེན་གསེར་ཆེན་རྫོང་དུ་སྔོ་འགྱུར་བྱེ་འགོག་ལས་བྱེ་ཐང་སྔོ་ལྗང་ཅན་དུ་གྱུར་པ།
ས་གྲུ་བཞི་ཤང་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཀྲོའུ་གསེར་ཆེན་རྫོང་དུ་གནས་པ་དང་། དེ་སྔ་རྨ་ཆུའི་སྟོད་རྒྱུད་ཀྱི་བྱེ་རླུང་གི་གནོད་འཚེ་ཕོག་ཁུལ་ཚབས་ཆེ་ཤོས་ཤིག་ཡིན་པས་ས་གནས་དེ་གའི་མི་རྣམས་ཀྱིས་བྱེ་རྡུལ་གྱི་ལུང་པ་ཞེས་བརྗོད་ཀྱི་ཡོད། དུས་རབས་གོང་མའི་ལོ་རབས་60པ་ནས་བཟུང་མི་རབས་ནས་མི་རབས་བར་གྱི་བྱེ་བཅོས་པས་དུས་ཡུན་རིང་པོའི་བྱེ་བཅོས་ལམ་བུའི་ཐོག་སྐྱོད་འགོ་ཚུགས། ད་ཆ་ལས་གྲྭར་བརྟེན་ནས་བྱེ་འཇགས་དང་། སྐྱེ་དངོས་ལ་བརྟེན་ནས་བྱེ་བཅོས། འོད་ཤུགས་ལ་བརྟེན་ནས་བྱེ་བཅོས་སོགས་ཀྱི་བཅོས་སྐྱོང་བྱ་ཐབས་སྣ་ཚོགས་བརྒྱུད་ས་གྲུ་བཞིའི་སྐྱེ་ཁམས་ལེགས་སུ་ཤུགས་ཆེན་ཕྱིན་ནས་མུའུ་ཁྲི་ཟིན་པའི་བྱེ་ཐང་སྔོ་ལྗང་ཅན་དུ་བསྐྲུན་ཡོད། ཚོད་ལྟའི་ཁུལ་གྱི་ནགས་ཚལ་ཐོན་ཁུངས་ལོ་རེ་བཞིན་རྒྱ་ཆེར་འགྲོ་བ་དང་བྱེ་འགྱུར་རྒྱ་ཁྱོན་རིམ་བཞིན་ཆུང་དུ་སོང་བ་ལས་དེ་སྔའི་བྱེ་ས་དག་ད་ཆ་ལྗང་མདོག་སྲུང་ཡོལ་ཞིག་ཏུ་གྱུར་ཞིང་། ས་གྲུ་བཞི་ཤང་གི་ཞིང་ཁ་དང་ནགས་ཚལ་ལས་གྲུབ་པའི་དྲ་རྒྱས་ཤང་ཡོངས་ཀྱི་རྨོ་ཞིང་མུའུ་ཁྲི་གཉིས་ལ་བྱེ་རླུང་གི་གནོད་འཚེ་མི་ཕོག་པའི་སྲུང་སྐྱོང་ཐུབ་ཡོད། མིག་སྔར། ཤང་འདིར་ས་ཞིང་འགོག་སྲུང་ནགས་རགས་323ཡོད།