དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “ཡག་པོ་བཞིའི་གྲོང་གསེབ་ཀྱི་ལམ་བུ”འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་བ།

    ལྗོངས་ཡོངས་ཀྱི་གྲོང་གསེབ་གཞུང་ལམ་གྱི་ལམ་ཐག་སྤྱི་ལེ་ཁྲི་9.3ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-10-19

    གསར་འགོད་པར་ཉིན་ཤས་གོང་འཚོགས་པའི་བོད་རང་སྐྱོང་ལྗོངས་ཀྱི“ཡག་པོ་བཞིའི་གྲོང་གསེབ་ཀྱི་ལམ་བུའི”སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྙན་ལམ་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ལོ་བཅུའི་རིང་བོད་ཀྱི་གྲོང་གསེབ་གཞུང་ལམ་ལ་རིམ་རྩིས་བརྒྱབ་ན་འཛུགས་སྐྲུན་མ་དངུལ་སྒོར་དུང་ཕྱུར་1215.24བཏང་སྟེ། ལམ་ཐག་སྤྱི་ལེ་ཁྲི་5.87གསར་སྐྲུན་དང་བསྐྱར་སྐྲུན་བྱས་པ་དང་ཤང་དང་གྲོང་རྡལ་6དང་སྲིད་འཛིན་གྲོང་ཚོ་338ལ་གཞུང་ལམ་ཤར་གཏོང་ཐུབ་ནས། ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ་དང་སྲིད་འཛིན་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད་100%ཟིན་པ་དང་། ཤང་དང་གྲོང་རྡལ་348དང་སྲིད་འཛིན་གྲོང་ཚོ་3682ལ་གསར་དུ་མཁྲེགས་ལམ་ཤར་གཏོང་ཐུབ་ནས་ཤང་དང་གྲོང་རྡལ་དང་སྲིད་འཛིན་གྲོང་ཚོར་ལམ་ཤར་གཏོང་ཐུབ་ཚད་95.55%དང་82.6%སོ་སོར་ཟིན་ཡོད། 2023ལོའི་ལོ་མཇུག་བར་ལྗོངས་ཡོངས་ཀྱི་གྲོང་གསེབ་གཞུང་ལམ་གྱི་ལམ་ཐག་སྤྱི་ལེ་ཁྲི་9.3ཟིན་ཡོད།

    ལོ་བཅུའི་རིང་། གྲོང་གསེབ་གཞུང་ལམ་གྱི་བདག་སྐྱོང་རྒྱུན་མཐུད་རིམ་སྤོར་བྱུང་ནས་ཞིང་འབྲོག་ཁུལ་གྱི་ཕྱིར་སྐྱོད་ཆ་རྐྱེན་ལེགས་སུ་ཤུགས་ཆེན་ཕྱིན་ཡོད་ཅིང་། གྲོང་གསེབ་གཞུང་ལམ་བདག་སྐྱོང་གི་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་རྒྱུན་མཐུད་ཕྱིན་པ་དང་གྲོང་གསེབ་གཞུང་ལམ་གྱི་བདག་སྐྱོང་ཁ་གསབ་མ་དངུལ་གྱི་ཚད་གཞི་མཐོ་རུ་ཆེས་ཆེར་ཕྱིན་ནས་ལྗོངས་ཡོངས་སུ་བདག་སྐྱོང་ཀུང་སི་97བཙུགས་ཡོད། གྲོང་གསེབ་གཞུང་ལམ་བདག་སྐྱོང་གི་ཐོན་སྐྱེད་བྱེད་སྟངས་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་དང་། ལམ་ངོས་ཀྱི་རང་འགུལ་ཅན་གྱི་ཞིབ་བཤེར་ཚད་ལེན་ལ་སྐུལ་འདེད་བརྟན་པོ་ཐེབས་པ། བདག་སྐྱོང་གི་ཚན་རིག་དང་མཐུན་པའི་ཐབས་ཇུས་མ་ལག་རགས་ཙམ་ཆགས་པ། ལམ་གཞུང་རྒྱུ་ནོར་དང་ལམ་དབང་ལ་སྲུང་སྐྱོང་བྱེད་པ་རིམ་བཞིན་དོན་ཐོག་ཏུ་འཁྱོལ་བ། འཕྲལ་སྡོམ་དོ་དམ་ལམ་སྲོལ་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ། ལམ་ཁོངས་ཁོར་ཡུག་ལེགས་སུ་རྒྱུན་མཐུད་ཕྱིན་པ། བདག་སྐྱོང་གི་འགན་འཁྲི་གཙོ་བོ་སྔར་བས་དོན་འཁྱོལ་བྱུང་བ་བཅས་རེད། 2023ལོའི་ལོ་མཇུག་བར་ལྗོངས་ཡོངས་ཀྱི་གྲོང་གསེབ་གཞུང་ལམ་བདག་སྐྱོང་བྱེད་ཚད་100%རྒྱུན་འཁྱོངས་ཐུབ་ཡོད་པ་དང་། གྲོང་གསེབ་ཀྱི་གཞུང་ལམ་ཐད“ལམ་ཡོད་ཚད་ལ་ངེས་པར་དུ་བདག་སྐྱོང་བྱེད་པ་དང“བདེ་མྱུར་སྐྱིད་མཛེས”མངོན་འགྱུར་བྱུང་ནས་གྲོང་གསེབ་གཞུང་ལམ་དེ་ཡིད་དབང་འཕྲོག་པའི་མཛེས་ལྗོངས་ཤིག་ཏུ་འགྱུར་བཞིན་ཡོད།

    ལོ་བཅུའི་རིང་། གྲོང་གསེབ་གཞུང་ལམ་གྱི་སྐྱེལ་འདྲེན་ཞབས་ཞུ་ལེགས་སུ་རྒྱུན་མཐུད་ཕྱིན་ནས་ཞབས་ཞུའི་སྤུས་ཚད་མཐོ་རུ་བརྟན་པོ་ཕྱིན་ཡོད་ཅིང་། ལྗོངས་ཡོངས་སུ་ཤང་དང་གྲོང་རྡལ་200དང་སྲིད་འཛིན་གྲོང་ཚོ་1432ལ་གསར་དུ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ནས་ཆ་རྐྱེན་འཛོམས་པའི་ཤང་དང་གྲོང་རྡལ་དང་སྲིད་འཛིན་གྲོང་ཚོར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་100%ཟིན་ཡོད། གྲོང་གསེབ་ཀྱི་འགྲུལ་སྐྱེལ་ཁ་གསབ་ཀྱི་ཚད་གཞི་མཐོ་རུ་ཕྱིན་པ་དང་། རྫོང་ཁོངས་གྲོང་ཁྱེར་གྱིས་ལྟེ་བར་བྱེད་པ་དང་། ཤང་དང་གྲོང་རྡལ་མཚམས་ཚིགས་སུ་བྱེད་པ། གྲོང་ཚོར་སྣུར་སྲིང་བྱེད་པ་བཅས་ཀྱི་རིམ་གསུམ་གྲོང་གསེབ་ཀྱི་ཟོག་འགྲེམས་ཞབས་ཞུའི་དྲ་རྒྱ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་ནས། རིམ་རྩིས་བརྒྱབ་ན་རྫོང་རིམ་པའི་འགྲུལ་སྐྱེལ་ས་ཚིགས་21དང་ཤང་དང་གྲོང་རྡལ་གྱི་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་230བསྐྲུན་ཏེ་གྲོང་གསེབ་ཀྱི་ཟོག་འགྲེམས་རྨང་གཞིའི་སྒྲིག་བཀོད་དྲ་རྒྱ་སྔར་བས་འཐུས་སྒོ་ཚང་དུ་བཏང་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་གཞི་གཅིག་ཅན་གྱི་དཔེ་སྟོན་རྫོང་གཏོད་རྒྱུ་གཞི་རྟེན་དུ་བྱས་ནས་གྲོང་གསེབ་ཀྱི་འགྲུལ་ཟོག་སྐྱེལ་འདྲེན་གྱི་མཁོ་འདོན་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་བྱེད་མགྱོགས་སུ་གཏོང་བ་དང་གྲོང་གསེབ་ཀྱི་འགྲུལ་ཟོག་སྦྲག་གསུམ་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་བཏང་བས། རྫོང(ཆུས)13དུ་གྲོང་གསེབ་ཀྱི“འགྲུལ་ཟོག་སྦྲག་གསུམ”གྱི་མཉམ་འདྲེས་ལམ་ཐིག་31བཏོད་ཡོད།

    ལོ་བཅུའི་རིང་། གྲོང་གསེབ་ཀྱི་གཞུང་ལམ་མཉམ་སྐྲུན་མཉམ་བཅོས་དང་མཉམ་སྤྱོད་བྱས་ནས་འཕེལ་རྒྱས་ཀྱི་མཉམ་ཤུགས་ཟམ་མི་ཆད་པར་གཅིག་ཏུ་བསྡུས་ཤིང་། རིམ་ཁག་ལམ་དཔོན་གྱི་ཞིབ་ཕྲའི་འགན་འཁྲི་དང་འགན་འཁྲིའི་གསལ་ཐོ་ཞིབ་ཚགས་སུ་བཏང་སྟེ། “སྲིད་གཞུང་གིས་མཛུབ་ཁྲིད་དང་། སྡེ་ཚན་གྱིས་མཐུན་སྦྱོར། གོང་འོག་མཉམ་འགུལ། འཁོར་རྒྱུག་ཕན་ཆེ”བཅས་ཀྱི་ལས་ཀའི་རྣམ་པ་ཞིག་རགས་ཙམ་ཆགས་ནས་ལྗོངས་ཡོངས་ཀྱི་གྲོང་གསེབ་གཞུང་ལམ་གྱི་ལམ་དཔོན་བསྡོམས་མི་7620ཟིན་པ་དང་ལམ་དཔོན་སྤྱི་བསྒྲགས་བྱང་བུ་3564བཙུགས་ཡོད། འཚོ་རྟེན་ལས་སྤྲོད་སོགས་ཀྱི་བྱ་ཐབས་ཁྱབ་གདལ་བཏང་བ་བརྒྱུད་ཡོང་འབབ་དམའ་བའི་མང་ཚོགས་རྣམས་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་དང་དོ་དམ་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་ནས་བསྡུ་ལེན་བྱས་པ་དང་། དེ་མཚུངས་ཀྱི་འོས་ཐོབ་ཡོད་པའི་ཞིང་འབྲོག་མང་ཚོགས་ཀྱི་ཨར་སྐྲུན་ཁེ་ལས(རུ་ཁག)མ་དངུལ་སྒོར་ཁྲི་400མན་བཏང་བའི་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་ནང་ཞུགས་རྒྱུར་སྐུལ་མ་བཏང་བས། རིམ་རྩིས་བརྒྱབ་ན་ལྗོངས་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་ལ་ཐད་ཀར་ཡོང་འབབ་སྒོར་དུང་ཕྱུར་28བྱུང་ཡོད། ལོ་ལྟར་སྤྱི་ཕན་རང་བཞིན་གྱི་ལས་གནས་ཁྲི་1ལས་མི་ཉུང་བ་མཁོ་འདོན་བྱས་ནས་ཞིང་འབྲོག་མང་ཚོགས་ཐག་ཉེ་སར་ལས་ཞུགས་ཐུབ་པར་རོགས་རམ་བྱས་པ་དང་རིམ་རྩིས་བརྒྱབ་ན་མི་ཁྲི་11.88ལ་གྲོང་གསེབ་གཞུང་ལམ་གྱི་སྤྱི་ཕན་རང་བཞིན་གྱི་ལས་གནས་བཀོད་སྒྲིག་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།