དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱིས་འཛམ་གླིང་འབྲུ་རིགས་ཉིན་མོ་དང་རྒྱལ་ཡོངས་འབྲུ་རིགས་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-10-19

    ཚེས་16ཉིན། རང་སྐྱོང་ལྗོངས་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཀྱིས་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་དང་། སློབ་གསོ་ཐིང་། བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་དང་མཉམ་དུ་རང་སྐྱོང་ལྗོངས་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཀྱི་རྒྱལ་སྒོའི་ནུབ་ངོས་སུ་དྲིལ་བསྒྲགས་ས་ཚིགས་བཙུགས་ནས། 2024ལོའི་འཛམ་གླིང་འབྲུ་རིགས་ཉིན་མོ་དང་རྒྱལ་ཡོངས་འབྲུ་རིགས་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་སྤེལ་བ་རེད།

    ད་ལོའི་ཟླ་10ཚེས་16ཉིན་ནི་འཛམ་གླིང་འབྲུ་རིགས་ཉིན་མོ་ཨང་44པ་ཡིན་ཞིང་། མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས“འབྲུ་རིགས་ལ་བརྟེན་ནས་གནམ་འོག་བདེ་ལ་འགོད། དེ་བས་ལེགས་པའི་འཚོ་བ་མཉམ་དུ་གཏོད་པ་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད”ཅེས་པ་བྱེད་སྒོའི་བརྗོད་དོན་གཙོ་བོར་གཏན་འཁེལ་བྱས་པ་རེད།

    བྱེད་སྒོ་སྤེལ་རིང་། འགྲེམས་པང་འཛུགས་པ་དང་། འཕྲེད་འགེལ་སྦྱར་ཡིག་འགེལ་བ། དྲིལ་བསྒྲགས་ལག་དེབ་སྤྲོད་པ། ཁྱད་ལྡན་འབྲུ་སྣུམ་སྤུས་ལེགས་འགྲེམས་ཚོང་སོགས་ཀྱི་བྱ་ཐབས་བརྒྱུད་མང་ཚོགས་ལ་འབྲུ་རིགས་ལས་དོན་གྱི་ཕན་འབྲས་དྲིལ་བསྒྲགས་བྱས་པ་དང་། འབྲུ་རིགས་སྐོར་གྱི་བཅའ་ཁྲིམས་ཤེས་བྱ་ཁྱབ་གདལ་བཏང་བ། མང་ཚོགས་ཀྱིས་འབྲུ་རིགས་ལ་གཅེས་སྤྲས་དང་གྲོན་ཆུང་དང་། ཚད་རན་པོས་འཛད་སྤྱོད། ཆུད་ཟོས་ལ་ངོ་རྒོལ་བཅས་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།

    བསྡོམས་རྩིས་བརྒྱབ་པར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོར་རིམ་རྩིས་བརྒྱབ་ན་དྲིལ་བསྒྲགས་དཔྱད་གཞིའི་ཡིག་རིགས་སྣ་ཚོགས་5000ལྷག་ཙམ་དང་དྲིལ་བསྒྲགས་དངོས་རྫས་2000ལྷག་ཙམ་སྤྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།