དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུས་བརྗོད་དོན་སྒོ་དབྱེ་བསྟུན་མཁས་ཀྱི་ཚན་རྩལ་མཉམ་ལས་མཐའ་འཁྱོངས་བྱས་ནས་འཛམ་གླིང་ལ་བདེ་སྐྱིད་སྐྲུན་འདོད་ཡོད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-10-18

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། འཛམ་གླིང་ཤེས་རིག་བདག་དབང་རྩ་འཛུགས་ཀྱི་སྙན་ཞུ་ལས་མངོན་པར། གོ་ལ་ཧྲིལ་པོའི་གསར་གཏོད་ནུས་པའི་མིང་རིམ་ཁྲོད་ཀྲུང་གོའི་མིང་གྲལ་མཐོ་རུ་ཕྱིན་ཡོད། ཉིན་ཤས་གོང་། ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་ཀྲུང་གོའི་ཚན་རྩལ་གསར་གཏོད་ལས་ཀྲུང་གོར་ཕན་ཐོགས་ཡོད་ལ་འཛམ་གླིང་ལའང་བདེ་སྐྱིད་བསྐྲུན་རྒྱུ་ཡིན་པ་དང་། སྒོ་དབྱེ་བསྟུན་མཁས་ཀྱི་ཚན་རྩལ་མཉམ་ལས་མཐའ་འཁྱོངས་བྱེད་འདོད་ཡོད་ཅེས་བརྗོད་པ་རེད།

    དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་ཉེ་ཆར་འཛམ་གླིང་ཤེས་རིག་བདག་དབང་རྩ་འཛུགས་ཀྱིས《2024ལོའི་གོ་ལ་ཧྲིལ་པོའི་གསར་གཏོད་སྟོན་གྲངས་སྙན་ཞུ》ཁྱབ་བསྒྲགས་བྱས་ཤིང་། གོ་ལ་ཧྲིལ་པོའི་གསར་གཏོད་ནུས་པའི་མིང་རིམ་ཁྲོད་ཀྲུང་གོའི་མིང་གྲལ་ན་ནིང་ལས་གཅིག་འཕར་ནས་ཨང་11ལ་སླེབས་པ་དང་མིང་གྲལ་གྱི་ཨང་དང་པོ་ནས་སུམ་ཅུ་བར་གྱི་ཡོང་འབབ་འབྲིང་གི་དཔལ་འབྱོར་དངོས་ཚན་འབའ་ཞིག་དེ་རེད། མགྲིན་ཚབ་པས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།

    མའོ་ཉིང་གིས་གོ་ལ་ཧྲིལ་པོའི་གསར་གཏོད་སྟོན་གྲངས་སྙན་ཞུ་2007ལོར་ཐོག་མར་ཁྱབ་བསྒྲགས་བྱས་ཚུན། ཀྲུང་གོའི་མིང་རིམ་ཁག་ཟམ་མི་ཆད་པར་མཐོ་རུ་ཕྱིན་ཡོད། འདི་ལོའི་སྙན་ཞུ་ལས་མངོན་པར། ཀྲུང་གོ་ནི་ལོ་10ཡི་རིང་གསར་གཏོད་ནུས་པ་ཆེ་རུ་འགྲོ་མགྱོགས་ཤོས་ཀྱི་དཔལ་འབྱོར་དངོས་ཚན་གྱི་གྲས་ཤིག་ཡིན་ལ་ཚན་རྩལ་གསར་གཏོད་རྩེ་གྲ་བརྒྱའི་ཚོ་འདུས་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཀྱང་ཡིན་པས། གསར་གཏོད་འཕེལ་རྒྱས་ཀྱི་སྒུལ་ནུས་ཧ་ཅང་ཆེ་བ་དང་མདུན་ལམ་ཡངས་པོ་ཡོད་ཅེས་བརྗོད་པ་རེད།

    མའོ་ཉིང་གིས“ཀྲུང་གོའི་གསར་གཏོད་ནུས་པ་ཆེ་རུ་ཕྱིན་པ་དེ་ཞིབ་འཇུག་གསར་སྤེལ་ལ་མ་འཇོག་དང་སྒོ་དབྱེ་བསྟུན་མཁས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་པ་ལས་བྱུང་བ་ཞིག་རེད” བསྡོམས་རྩིས་བྱས་པར་གཞིགས་ན། ན་ནིང་ཀྲུང་གོས་ཞིབ་འཇུག་གསར་སྤེལ་ལ་བཏང་བའི་མ་དངུལ་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་3.3ལྷག་ཙམ་ཟིན་པ་དེ་ལོ་གོང་མ་ལས་8.4%འཕར་ཡོད། “ང་ཚོས་རྒྱལ་ཁབ་དང་ས་ཁུལ་160ལྷག་ཙམ་དང་ཚན་རྩལ་མཉམ་ལས་ཀྱི་འབྲེལ་བ་བཙུགས་པ་དང་སྲིད་གཞུང་དབར་གྱི་ཚན་རྩལ་མཉམ་ལས་གྲོས་མཐུན་118ལ་མིང་རྟགས་བཀོད་ཡོད། ཀྲུང་གོའི་གསར་གཏོད་ཁོར་ཡུག་ལེགས་པ་དང་ཕུན་སུམ་ཚོགས་པའི་ཤེས་ལྡན་པའི་ཐོན་ཁུངས་ཀྱིས་རྒྱལ་སྒྲོལ་ཀུང་སི་དེ་བས་མང་བས་ཀྲུང་གོར་ཞིབ་འཇུག་གསར་སྤེལ་ལྟེ་གནས་འཛུགས་རྒྱུའི་ཡིད་དབང་བཀུག་ཡོད”ཅེས་ངོ་སྤྲོད་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།