དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་ཀམ་མཛའ་གྲོགས་ཀྱི་ལེའུ་གསར་པ་བརྩམས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ལིའུ་ཅིན།   |     སྤེལ་དུས།  2024-10-18

    ཀམ་པི་ཡ་ཨ་ཧྥེ་རི་ཁའི་ནུབ་རྒྱུད་དུ་གནས་པ་དང་ནུབ་ངོས་ནུབ་རྒྱ་མཚོ་ཆེན་པོ་དང་འབྲེལ་ཡོད། 2016ལོར་ཀྲུང་ཀམ་རྒྱལ་ཁབ་གཉིས་པོའི་གཞུང་ཚབ་ཆེ་མོ་རིམ་པའི་ཕྱི་འབྲེལ་སླར་གསོ་བྱུང་བ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་མྱུར་པོ་བྱུང་ནས་མཉམ་ལས་ཀྱི་འཕེལ་ཕྱོགས་རྒྱ་ཆེ་ལ་བརྟན་པོ་ཡོད་པ་རེད།

    གཙོ་བདག་ཕྱི་འབྲེལ་གྱིས་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་ཀྲུང་ཀམ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་བྱས་ཡོད། 2017ལོའི་ཟླ་12པར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བཞིན་པའི་ཀམ་པི་ཡའི་ཙུང་ཐུང་པ་ལུའོ་དང་གྲོས་མོལ་གནང་ནས་ཀྲུང་ཀམ་མཉམ་ལས་ཀྱི་འཆར་གཞི་བཀོད་ཡོད། 2018ལོའི་ཟླ་9པར་ཙུང་ཐུང་པ་ལུའོ་ཡིས་ཚོགས་པའི་སྣེ་ཁྲིད་དེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་གི་དབུ་ཚོགས་ལ་ཞུགས་པ་རེད། 2024ལོའི་ཟླ་9པར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སླར་ཡང་ཚོགས་པའི་སྣེ་ཁྲིད་དེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་གི་དབུ་ཚོགས་ལ་ཞུགས་མཁན་ཙུང་ཐུང་པ་ལུའོ་དང་མཇལ་འཛོམས་གནང་བ་དང་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཀམ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱ་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།

    ཀྲུའུ་ཞི་ཞི་ཅིན་ཕིང་གིས་2024ལོའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་གི་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་གནང་བའི་བཞེད་དོན་གཙོ་བོའི་གསུང་བཤད་དང་ཀྲུང་ཀམ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་མཇལ་འཛོམས་གྲུབ་འབྲས་ལ་ཀམ་པི་ཡར་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། ཀམ་པི་ཡའི་ལས་རིགས་ཁག་གི་མི་སྣས་ཨ་ཧྥེ་རི་ཁ་དང་ཀྲུང་གོས་ལག་གདང་སྦྲེལ་ནས་དེང་རབས་ཅན་ལ་སྐུལ་འདེད་བཏང་བ་དང་ཐུན་མོང་ཐོག་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་བརྗིད་ཆེའི་འཆར་གཞིར་ཚད་མཐོའི་བསྔགས་བརྗོད་བྱས་ཤིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གྲོས་འགོ་དང་འདོད་ཚུལ་གལ་ཆེན་ནི་དོན་དངོས་ལ་གཞི་ཚུགས་ནས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་པ་མ་ཟད། ཕུགས་ལ་དམིགས་ཏེ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་དེང་རབས་ཅན་ལ་སྒུལ་ཤུགས་སྦྱིན་ནས་དུས་རབས་གསར་པའི་ཨ་ཧྥེ་རི་ཁ་དང་། ཀྲུང་གོའི་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་ཁ་ཕྱོགས་གསལ་སྟོན་གནང་བའི་ངོས་འཛིན་བྱས་ཡོད། ཀམ་པི་ཡའི་ལས་རིགས་ཁག་གིས་ཀམ་ཀྲུང་འབྲེལ་བ་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱ་རྒྱུར་ཚད་མཐོའི་དོ་ཁུར་བྱེད་ཀྱི་ཡོད་པ་དང་དེ་ཐོག་ནས་ཀྲུང་གོས་རྒྱལ་ཁབ་ཆེ་ཆུང་དང་། དྲག་ཞན། དབུལ་ཕྱུག་བཅས་ལ་མི་བལྟོས་པར་ཚང་མ་འདྲ་མཉམ་ཡིན་པ་མཐའ་འཁྱོངས་བྱེད་པའི་ཕྱི་འབྲེལ་སྲིད་ཇུས་ཀྱི་འདུ་ཤེས་གང་ལེགས་མཚོན་པའི་ངོས་འཛིན་བྱས་པ་རེད། ཀམ་པི་ཡ་ཕྱོགས་ཀྱིས་གོ་སྐབས་སྟངས་འཛིན་བྱས་ཏེ་ཀྲུང་གོ་ཕྱོགས་དང་ལག་གདང་སྦྲེལ་ནས“རོགས་ཟླའི་བྱ་སྤྱོད་ཆེན་པོ་བཅུ”ལག་ལེན་བསྟར་ཏེ་དེང་རབས་ཅན་གྱི་ཕུགས་འདུན་མཉམ་དུ་བསྒྲུབས་ནས་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་དང་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་དགོས་ངེས་རེད།

    འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས། ཀྲུང་ཀམ་ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་གྲུབ་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་མཛུབ་ཁྲིད་དུ་བྱས་ཏེ། 2024ལོའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། དེང་རབས་ཅན་གྱི་རྒྱང་ལམ་ཐོག་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པ། འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ། ཀྲུང་ཀམ་མཛའ་གྲོགས་ཀྱི་ལེའུ་གསར་པ་གཏོད་པ་བཅས་བྱས་ཏེ། དུས་རབས་གསར་པའི་རྣམ་པ་ཀུན་གྱི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་པར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་རེད།

    (རྩོམ་པ་པོ་ནི་ཀམ་པི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཡིན་པ)

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།