“ཀྲུང་ཧྭའི་ཞིམ་བཟས—ཀྲུང་ཧྭའི་གནའ་རབས་བཟའ་བཅའི་རིག་གནས་འགྲེམས་སྟོན”ཧང་ག་རིར་འགོ་ཚུགས་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པུ་ཏེ་ཕེ་སི་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། “ཀྲུང་ཧྭའི་ཞིམ་བཟས—ཀྲུང་ཧྭའི་གནའ་རབས་བཟའ་བཅའི་རིག་གནས་འགྲེམས་སྟོན”ཧང་ག་རིའི་རྒྱལ་ས་པུ་ཏ་ཕེ་སིའི་མི་རིགས་རིག་པའི་རྟེན་མཛོད་ཁང་དུ་འགོ་ཚུགས་ཤིང་། ད་ཐེངས་ཀྱི་འགྲེམས་སྟོན་ཀྲུང་གོ་རྒྱལ་ཁབ་རྟེན་མཛོད་ཁང་དང་ཧང་ག་རིའི་མི་རིགས་རིག་པའི་རྟེན་མཛོད་ཁང་གིས་མཉམ་དུ་གཉེར་བ་ཞིག་རེད།