དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཉིང་ཁྲི་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས“གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ཚོང་གཉེར་ ཁོར་ཡུག་ཡག་པོ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-18

    འདི་ལོ་ནས་བཟུང་། ཉིང་ཁྲི་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཉིང་ཁྲི་གྲོང་ཁྱེར་དང་བྲག་ཡིབ་ཆུས་ཀྱི་གཉེར་སྐྱོང་བྱེད་པོའི་ཐོ་འགོད་དེབ་སྐྱེལ་གྱི“2+2+3”གྱི་ཕྱོགས་བསྡུས་སྐར་ཁུང་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་བཏང་བ་དང་།“སྲིད་གཞུང་དང་དངུལ་ཁང་མཉམ་ལས་དང་རིག་ནུས་ཞིབ་མཆན་ཟུང་འབྲེལ”ཁྱབ་གདལ་བཏང་བ། ཁེ་ལས་ཀྱིས་ལས་གཉེར་ལག་ཁྱེར་གཉེར་བའི་དུས་ཚད་ལས་ཞག་0.5བར་ཐུང་དུ་བཏང་བ། ཚོང་དོན་ཐོ་འགོད་ལམ་ལུགས་སྒྱུར་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་བ། དམངས་ཕན་ཞབས་ཞུའི་བྱེད་ཐབས་དང་དེ་བཞིན་ཁེ་ལས་དང་དམངས་ལ་ཕན་པའི་སྲིད་ཇུས་དོན་འཁྱོལ་ནན་ཏན་བཅས་བྱས་ནས། ཁྲོམ་རར་ཞུགས་འཐུས་ཁོར་ཡུག་ཡག་པོར་བརྟེན་ནས་གཉེར་སྐྱོང་བྱེད་པོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་ནུས་ལྡན་བྱས་ཡོད་པ་རེད།

    ཚོང་གཉེར་ཁོར་ཡུག་ཡག་པོ་གཏོད་ཆེད། ཉིང་ཁྲི་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་གཉེར་སྐྱོང་བྱེད་པོའི་ཆོག་འཐུས་ལམ་ལུགས་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས《ཉིང་ཁྲི་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་སྐར་ཁུང་ཞབས་ཞུའི་ཚད་གཞི》དང་། 《ཞབས་ཞུའི་ཁྲོམ་རའི་བྱེད་པོའི་ལས་དོན་ལམ་ལུགས》《ཉིང་ཁྲི་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཁྲོམ་རའི་བྱེད་པོའི་ཐོ་འགོད་དེབ་སྐྱེལ་གྱི་2+2+3གྱི་ཕྱོགས་བསྡུས་སྐར་ཁུང་བདག་སྤྲོད་ཞིབ་དཔྱད་ཚད་གཞི(ཚོད་ལྟའི་ལག་བསྟར)》ལག་བསྟར་ནན་པོ་བྱས་པ་རེད། མཚོ་རྒྱུད་དར་རྒྱས་ཆེ་བའི་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱི་ཐོ་འགོད་དེབ་སྐྱེལ་གྱི་སྔོན་ཐོན་ཉམས་མྱོང་དཔྱད་གཞིར་འཛིན་ནས། ཐོ་འགོད་དེབ་སྐྱེལ་གྱི་དཔྱད་གཞིའི་ཚད་གཞི་དང་མ་དཔེ་ཕྱོགས་བསྡུས་ལེགས་སྒྲིག་བྱས་ཏེ་ཉེ་ཆར་ཉིང་ཁྲི་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་གཞུང་ཕྱོགས་དྲ་ཚིགས་ཐོག་བཏོན་པ་དང་། སྐར་ཁུང་ནས་རྩ་གཉིས་ཨང་རྟགས་བཤར་འབེབས་བྱས་ཏེ་འདོན་སྤྲོད་བྱེད་པའི་དཔྱད་གཞིའི་ཚད་གཞི་དང་། འབྲེལ་ཡོད་རེའུ་མིག མ་དཔེ་བཅས་བཙལ་ཆོག་པས་ཐོ་འགོད་ཀྱི་དོན་ཚན་དང་། འདོན་སྤྲོད་བྱེད་པའི་དཔྱད་གཞི། ཞིབ་དཔྱད་ཚད་གཞི་བཅས་ཚད་ལྡན་གཅིག་གྱུར་བྱུང་ནས། “ཐེངས་གཅིག་ལ་གསལ་བཤད”དང་དུས་བཀག་ལྟར་ཐག་གཅོད་བྱེད་པའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།