དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གོང་དཀར་རྫོང་གིས་གཞི་རིམ་གྱི་སྡེ་ཚོགས་ལས་བྱེད་པ་དང་བུད་མེད་མཉམ་འབྲེལ་ཚོགས་པའི་ལས་བྱེད་པར་གསོ་སྦྱོང་བྱས་ནས་བྱང་ཚད་མཐོ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-18

    ཉེ་དུས། གོང་དཀར་རྫོང་མང་ཚོགས་ཚོགས་པའི་ལས་དོན་པུས་2024ལོའི་གཞོན་ནུ་མར་ཁེ་སི་རིང་ལུགས་པ་གསོ་སྐྱོང་འདུ་འགོད་དང་གཞི་རིམ་གྱི་སྡེ་ཚོགས་ལས་བྱེད་པ་དང་བུད་མེད་མཉམ་འབྲེལ་ཚོགས་པའི་ལས་བྱེད་པའི་འཇོན་ཐང་དང་བྱང་ཚད་མཐོ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་གཉེར་བ་རེད། གོང་དཀར་རྫོང་གི་ཤང(གྲོང་རྡལ)ཁག་གི་མང་ཚོགས་ཚོགས་པའི་ཀན་ཧྲི་དང་། གྲོང་ཚོ(གྲོང་ལྷན)ཁག་གི་བུད་མེད་མཉམ་འབྲེལ་ཚོགས་པའི་ཀྲུའུ་ཞི། སློབ་འབྲིང་སྡེ་ཚོགས་ཀྱི་ལས་བྱེད་པ། ནུབ་རྒྱུད་འཆར་གཞིའི་དང་བླངས་པ། དེ་བཞིན་སྤྱི་བདེ་དང་། མེ་ཟོན། སྨན་ཁང་། ཁེ་ལས་སོགས་ལས་རིགས་ཁག་གི་གཞོན་ནུའི་འཐུས་མི་བཅས་ཁྱོན་མི་47གསོ་སྦྱོང་ནང་ཞུགས་པ་རེད།

    ད་རེས་ཀྱི་གསོ་སྦྱོང་ནང་ལྷོ་ཁ་གྲོང་ཨུད་ཏང་གི་སློབ་གྲྭའི་འཆད་ཁྲིད་དགེ་རྒན་དང་དེ་བཞིན་གོང་དཀར་རྫོང་ཨུད་དྲིལ་བསྒྲགས་པུའུ་དང་། རྫོང་ཁྲིམས་ཁང་། རྫོང་ཞིབ་དཔྱོད་ཁང་། རྫོང་ལྟེ་བའི་སྨན་ཁང་བཅས་ཀྱི་སྒྲོག་འགྲེལ་པ་གདན་དྲངས་པ་དག་གིས《ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན》དང་། 《བུད་མེད་ཀྱི་ཁེ་དབང་སྲིད་ཇུས་གསལ་འགྲེལ་དང་གྱོད་དཔེ་དབྱེ་ཞིབ》སོགས་ཀྱི་ནང་དོན་གསལ་འགྲེལ་བྱས་པ་རེད།

    ད་རེས་གསོ་སྦྱོང་བྱེད་པའི་དམིགས་ཡུལ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་རྒྱུ་དང་། གསོ་སྦྱོང་ནང་ཞུགས་མཁན་སློབ་མས་ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་དང་དུས་རབས་གསར་པའི་མང་ཚོགས་ཚོགས་པའི་ལས་དོན་གྱི་བརྒྱུད་རིམ་རང་བཞིན་ངོས་འཛིན་ཐུབ་ཤུགས་ཆེ་རུ་གཏོང་རྒྱུ། གཞི་རིམ་སྡེ་ཚོགས་ལས་བྱེད་པ་དང་བུད་མེད་མཉམ་འབྲེལ་ཚོགས་པའི་ལས་བྱེད་པའི་ཆབ་སྲིད་བྱང་ཚད་སྔར་བས་མཐོ་རུ་དང་ལས་ཀའི་ནུས་པ་སྔར་བས་ཆེ་རུ་གཏོང་རྒྱུ་བཅས་ཀྱི་ཆེད་དུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།