རྣམ་གླིང་རྫོང་གིས་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་འགྲན་བསྡུར་ཆེན་པོ་སྤེལ་བ།
ཉེ་ཆར་རྣམ་གླིང་རྫོང་གིས“དུས་རབས་གསར་པའི་རྒྱལ་གཅེས་པ་ལྷག་བསམ་ཟོལ་མེད་ཅིག་བྱེད”ཅེས་པའི་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་འགྲན་བསྡུར་ཆེན་པོའི་མཐའ་བསྡུར་དེ་ཤངས་པ་སྒྱུ་རྩལ་ལྟེ་གནས་སུ་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་བདུན་པ་ཚུན་དུ་རྣམ་གླིང་རྫོང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱིས“འགྲན་བསྡུར་ལ་བརྟེན་ནས་སློབ་སྦྱོང་ལ་ཡར་སྐུལ་དང་། འགྲན་བསྡུར་ལ་བརྟེན་ནས་སྦྱོང་ཐུབ་པ། འགྲན་བསྡུར་ལ་བརྟེན་ནས་སྦྱོང་བརྡར་ཐེབས་པ་བཅས་ཡོང་བའི”ལས་ཀའི་བསམ་ཕྱོགས་ལ་གཞིགས་ཏེ། རྫོང་ཡོངས་ཀྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཁང(ས་ཚིགས)ཁག་སྒྲིག་འཛུགས་བྱས་ནས“ཐོག་མའི་བསམ་འདུན་གྱིས་ཕུགས་འདུན་གཏོད། གཅིག་སེམས་གཅིག་སྒྲིལ་གྱིས་མདུན་སྐྱོད་བྱེད”པའི་རྣམ་གླིང་རྫོང་གི“དུས་རབས་གསར་པའི་རྒྱལ་གཅེས་པ་ལྷག་བསམ་ཟོལ་མེད་ཅིག་བྱེད”ཅེས་པའི་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་འགྲན་བསྡུར་ཆེན་པོ་བྱས་ཤིང་། གྲོང་ཚོ་དང་། ཤང་། གྲོང་རྡལ་བཅས་ཁག་ནས་རིམ་པ་བཞིན་དུས་འགོའི་བདམས་གསེས་བྱས་པ་བརྒྱུད་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་17ནས་ཡོང་བའི་རུ་ཁག་64ཡི་ཕུལ་བྱུང་བདམས་ཐོན་པ་104ད་རེས་ཀྱི་འགྲན་བསྡུར་ཆེན་པོའི་མཐའ་བསྡུར་ནང་ཞུགས་ཡོད།
འགྲན་བསྡུར་བྱ་ཡུལ་དུ་བདམས་ཐོན་པ་ཚོས་རྒྱལ་ཁབ་སྤྱི་སྤྱོད་ཀྱི་སྐད་ཆ་ཆུ་རྒྱུག་རྒྱུག་ཤོད་པ་དང་། རྒྱལ་ཁབ་སྤྱི་སྤྱོད་ཡི་གེ་ཚད་ལྡན་བྲིས་ཏེ་བརྩེ་བ་ཟོལ་མེད་འཆང་ནས“དུས་རབས་གསར་པའི་རྒྱལ་གཅེས་པ་ལྷག་བསམ་ཟོལ་མེད་ཅིག་བྱེད་པའི”ནང་དོན་ཟབ་མོར་འགྲེལ་བཤད་བརྒྱབ་ཡོད། འགྲན་བསྡུར་རིགས་བཞིར་ཕྱེ་བ་ཁག་སོ་སོ་ནས་བྱ་དགའ་རིམ་པ་དང་པོ་རེ་དང་། རིམ་པ་གཉིས་པ་གཉིས། རིམ་པ་གསུམ་པ་གསུམ། ཕུལ་བྱུང་བྱ་དགའ་གསུམ་བཅས་དཔྱད་འདེམས་བྱས་པ་མ་ཟད། འགྲན་བསྡུར་ནང་ཞུགས་མཁན་བདམས་ཐོན་པར“‘ཐོག་མའི་བསམ་འདུན་གྱིས་ཕུགས་འདུན་གཏོད། གཅིག་སེམས་གཅིག་སྒྲིལ་གྱིས་མདུན་སྐྱོད་བྱེད’པའི་རྣམ་གླིང་རྫོང་གི་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་མཁན”གྱི་མཚན་སྙན་ཡང་སྤྲད་པ་རེད།