དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་རོང་རྫོང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྐྱེ་ཁམས་རང་མདངས་ཤུགས་ཆེར་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-18

    ཉེ་བའི་ལོ་ཤས་རིང་། ལྷོ་རོང་རྫོང་གིས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ་དེ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཤིང་། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་བཤེར་དེ་གནད་སྨིན་གྱི“རྩ་བརྟག་ནད་དཔྱད”དང“བདེ་ཐང་བརྟག་དཔྱད”ལ་བརྩིས་པ་དང་། ལྟ་བཤེར་བརྒྱུད་སྒྲུབ་ཀྱི་གནད་དོན་དག་ཐེར་ལ་དམིགས་ཏེ་ཁོར་ཡུག་ལེགས་གཏོང་དང་མང་ཚོགས་བློ་ཡིད་ཚིམ་པའི་ཕན་འབྲས་དངོས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་རང་མདངས་ཤུགས་ཆེར་བཏང་བ་རེད།

    2024ལོར་ལྷོ་རོང་རྫོང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་སྒྱུར་རུ་ཁག་གིས་ཀྲུང་དབྱང་གི་རེས་སྐོར་གསུམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལས་དོན་བསུ་བའི་གོ་སྐབས་གང་ལེགས་སྤྱད་པ་དང་། ཁོངས་གཏོགས་ཁུལ་གྱི་གཙོ་གནད་ལྟ་འདོམས་ཁེ་ལས་དང་འཛུགས་སྐྲུན་རྣམ་གྲངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དོན་འཁྱོལ་གནས་ཚུལ་དེ་ལྟ་འདོམས་ཀྱི་གཙོ་གནད་དུ་བརྩི་རྒྱུར་དམ་པོར་དམིགས་ཤིང་། རིམ་རྩིས་བྱས་ན། ཁྲིམས་སྒྱུར་ཞིབ་བཤེར་ཐེངས་54བྱས་པ་དང་། ཁྲིམས་སྒྱུར་མི་སྣ་མི་ཐེངས་310བཏང་ཁར་དག་ཐེར་བརྡ་ཐོ་30བཀྲམ་ཡོད། གཙང་པོར་སྐོར་གཡེང་ཞིབ་བཤེར་བྱས་ནས་ཆུ་དཔོན་ལམ་ལུགས་དོན་འཁྱོལ་གནས་ཚུལ་དེ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་གཙོ་གནད་དུ་བརྩིས་པ་མ་ཟད། ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་བཀོལ་སྤྱོད་གནས་ཚུལ་གྱི་དོ་དམ་གནས་ཚུལ་ལ་དམིགས་ཏེ། ལྷོ་རོང་རྫོང་གི་འཚོ་བའི་གད་སྙིགས་སྦས་ས་དང་བཙོག་ཆུ་གཙང་གསིང་བཟོ་གྲྭའི་ཚད་ལྡན་གཉེར་སྐྱོང་གི་གནས་ཚུལ་ལ་ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་བྱས་ནས་ཁེ་ལས་ལ་བཙོག་འབུད་ཆོག་འཐུས་དོན་འཁྱོལ་ནན་པོ་བྱེད་དགོས་པའི་ལྕག་སྐུལ་ཡང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།