དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ནག་ཆུ་གྲོང་ཁྱེར་སོག་རྫོང་དཀར་སྨད་ཤང་སྟག་གཟར་ཁ་གྲོང་ཚོས།

    “ཀྲུང་ཧྭའི་བླ་སྲོག་བཏོད་ནས། དཔེ་སྟོན་ཁུལ་མཉམ་དུ་སྐྲུན”ཞེས་པའི་དཀར་ཤོད་རིག་གནས་སྒྱུ་རྩལ་བྱེད་སྒོ་སྐབས་བཞི་པ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-18

    འདི་ནི་འགྲན་བསྡུར་ཁྲོད་བྱ་དགའ་ཐོབ་པའི་ཡིག་མཁན་ཡིན་པ།

    ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ཁོངས་སུ་གཏོགས་པའི་ཡིག་གཟུགས་སྒྱུ་རྩལ་རྒྱུན་འཛིན་དང་དར་སྤེལ་དང་། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་ཡིག་གཟུགས་སྒྱུ་རྩལ་ལ་བཅངས་པའི་དགའ་ཞེན་འཕེལ་བར་བྱས་ནས་རིག་གནས་ཀྱི་རྣམ་པ་ཟབ་མོ་ཞིག་གཏོད་ཆེད། ཉེ་ཆར། ནག་ཆུ་གྲོང་ཁྱེར་སོག་རྫོང་སྟག་གཟར་ཁ་གྲོང་ཚོས་གྲོང་ཚོའི་རིག་གནས་ཁང་དུ“ཀྲུང་ཧྭའི་བླ་སྲོག་བཏོད་ནས། དཔེ་སྟོན་ཁུལ་མཉམ་དུ་སྐྲུན”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་དཀར་ཤོད་རིག་གནས་སྒྱུ་རྩལ་བྱེད་སྒོ་སྐབས་བཞི་པ་གཟབ་རྒྱས་ངང་སྤེལ་བར། འགྲན་བསྡུར་ལ་ཞུགས་མཁན་དང་ལྟད་མོ་བ་ཁྱོན་མི་150ལྷག་ཙམ་ཟིན་ཡོད་པ་རེད།

    བྱེད་སྒོ་དེ《བློས་བླངས་དམག་གི་མདུན་སྐྱོད་གླུ་དབྱངས》ཀྱི་ཁྲོད་དུ་སྤེལ་འགོ་ཚུགས་པ་དང་། རྫོང་དང་ཤང་། གྲོང་ཚོ་རིམ་པའི་ཡིག་གཟུགས་ལ་དགའ་པོ་ཡོད་མཁན་གྱི་བརྩམས་ཆོས་150ལྷག་ཙམ་འབྱོར་བ་རེད། ཐེངས་དེའི་འགྲན་བསྡུར་འདྲ་མཉམ་དང་། དྲང་བདེན་། ཡོངས་བསྒྲགས་ཡོང་ཆེད། སོག་རྫོང་སྤྱི་བདེ་ཅུས་ཀྱི་རིམ་པ་དང་པོའི་ཉེན་རྟོག་དཔོན་དང་། ཁྲིམས་འཛིན་ཁོའོ་ཡི་ཁོའོ་ཀྲང་། རྫོང་སྲིད་གྲོས་ཀྱི་ཨུ་ཡོན་བཅས་ཡིན་པའི་སྦྱིན་པ་བཀྲ་ཤིས་དང་། སོག་རྫོང་ལྗོན་བཟང་ཤེས་དཔལ་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་བསྟན་འཛིན་ཆོས་གྲགས། སོག་རྫོང་ཙན་དན་དགོན་དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་སྒྲོལ་མ་གཡང་འཛོམས། དཀར་སྨད་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཤང་ཀྲང་ཁྲེང་ཁྲང་། དཀར་སྨད་ཤང་ཆ་ཚང་སློབ་ཆུང་གི་དགེ་རྒན་བཀྲ་ཤིས་ནོར་བུ་སོགས་དཔྱད་འདེམས་པར་གདན་དྲངས་ཡོད་པ་རེད།

    ཐེངས་འདིའི་བྱེད་སྒོར་ཡིག་གཟུགས་ལ་དགའ་པོ་ཡོད་མཁན་མང་པོ་མཉམ་དུ་འཛོམས་ཤིང་། ཡིག་མཁན་རྣམ་པས་མང་ཚོགས་ཀྱིས་བདམས་པའི་བརྗོད་བྱ་སྣ་ཚོགས་ཀྱི་ཤིས་ཚིག་ཁག་50ཡིག་ཐང་དུ་བྲིས་ཏེ། སྣག་ཤོག་དང་སྤུ་སྨྱུག་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ལ་གོ་བ་གཏིང་ཟབ་ལེན་པ་དང་། ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བའི་དཀར་ཤོད་མི་དམངས་ཀྱི་ཆོད་སེམས་གང་ལེགས་མངོན་པར་བྱས་པ་རེད། སྟག་གཟར་ཁ་གྲོང་ཚོའི་འབྲེལ་ཡོད་འགན་འཁུར་བས། “ང་ཚོས་ད་ཐེངས་ཀྱི་བྱེད་སྒོ་གོ་སྐབས་སུ་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་ཁུལ་གཏོད་པའི་ལས་དོན་རྒྱུན་མཐུད་གཏིང་ཟབ་སྤེལ་ནས། མི་རིགས་ཁག་དབར་གྱི་མཐུན་སྒྲིལ་རོགས་རེས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་བཏང་སྟེ། གྲོང་གསེབ་དར་རྒྱས་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།