སློབ་གྲྭར་མེ་ཟོན་ཤེས་བྱ་སྒྲོག་འགྲེལ་བྱས། སློབ་མའི་བདེ་སྲུང་འདུ་ཤེས་ཟབ་ཏུ་བཏང་།
ཉིན་ཤས་གོང་། སྣེ་གདོང་ཆུས་སློབ་གསོ་ཅུས་ཀྱིས་ཆུས་མེ་ཟོན་རུ་ཆེན་དང་མཉམ་དུ་ཁྲ་འབྲུག་གྲོང་རྡལ་སློབ་ཆུང་དུ“ཚང་མས་བདེ་འཇགས་ལ་སྣང་ཆེན་དང་འཕྲལ་སྡོམ་ཤེས་བྱ་ཤེས་པར་བྱས་ཏེ། ཚེ་སྲོག་བགྲོད་ལམ་ཤར་བགྲོད་ཐུབ་པར་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་མེ་ཟོན་བདེ་འཇགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་རིང་། མེ་ཟོན་རུ་ཆེན་གྱི་ལས་དོན་མི་སྣས་ཉེ་འགྲམ་གྱི་གྱོད་དཔེ་དྲངས་ཏེ་རྒྱ་ཆེའི་དགེ་སློབ་ཚོར་མེ་ཟོན་གྱི་རྨང་གཞིའི་ཤེས་བྱ་འགྲེལ་བཤད་བརྒྱབ་པ་རེད། དེ་རྗེས་མེ་ཟོན་འཕྲལ་སྡོམ་ནང་སྦྱོང་བྱེད་འགོ་ཚུགས་པ་དང་ཉེན་བརྡ་གྲགས་རྗེས་སློབ་ཁྲིད་དགེ་རྒན་གྱིས་འཕྲལ་མར་སློབ་མ་སྒྲིག་འཛུགས་བྱས་ནས་ཉེན་གཡོལ་བྱས་ཤིང་། ད་ཐེངས་ཀྱི་བྱེད་སྒོའི་ནང་སྦྱོང་གོ་རིམ་ལྟར་སྤེལ་བས་སྔོན་དཔག་གི་ཕན་འབྲས་ཐོན་པ་དང་དགེ་སློབ་ཚོའི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་དང་རང་སྐྱོབ་འཇོན་ཐང་ཆེ་རུ་ཕྱིན་ཡོད་པ་རེད། འདི་ནི་མེ་ཟོན་ལས་དོན་མི་སྣས་སློབ་མར་མེ་ཟོན་འཕྲལ་སྡོམ་སྐོར་གྱི་ཤེས་བྱ་འགྲེལ་བཤད་རྒྱག་བཞིན་པ།